ཐི་ལིང་ཕུའུ་ཡིས་ཅིན་ཀྲིན་ཨིན་གྱིས་རང་གི་གྲོས་མོལ་རེ་འདོད་ལ་ལན་བྱིན་ཡོད་པའི་ཚུལ་བསྟན།

2026-08-19
316

ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས17ཉིན་ཕོ་བྲང་དཀར་པོ་ནས་སྨྱན་བྱད་ལ་བཤད་རྒྱུར། ཁྲའོ་ཞན་གྱི་འགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་ཁོས་བཏོན་པའི་གྲོས་མོལ་རེ་འདོད་ལ་ལན་བྱིན་ཡོད་ཟེར་ཡང་། ཁོས་ལན་བྱིན་པའི་ནང་དོན་གསལ་བོར་བསྒྲགས་མེད།

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཁོས་བསྒྲུབས་པའི་བྱ་བ་ཡོད་ཚད་གནས་བབ་སྔར་ལས་བདེ་འཇགས་ཡོང་བའི་ཆེད་ཡིན་པ་དང་། ང་ཅིན་ཀྲིན་ཨིན་ལ་རྒྱུས་ལོན་ཡོད་པ་དང་ཁོ་ཡང་ང་ལ་རྒྱུས་ལོན་ཡོད། ང་དང་ཁོ་གཉིས་ཀྱི་འབྲེལ་བ་བཟང་ཟེར།

ཐི་ལིང་ཕུའུ་ཡིས་ད་རུང་བཤད་རྒྱུར། ཧན་གོས་དབྱི་ལང་གི་གནད་དོན་ཐད་ནས་ཨ་མེ་རི་ཁར་རོགས་འདེགས་བྱེད་པར་འཐད་པ་མ་བྱུང་བས་ང་རང་ཡིད་སྐྱོ་ནས་ཨ་མེ་རི་ཁ་དང་ཧན་གོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་གཞི་རྒྱ་ཇེ་ཆུང་ལ་གཏོང་རྒྱུ་ཐག་བཅད་པ་ཡིན་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།



  • 顶