ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས11ཉིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་ནས་ཤེས་གསལ་བྱུང་བ་ལྟར་ན། 2026ལོའི་གོ་ལ་ཧྲིལ་བོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་ནམ་ལྷ་སའི་མཐོ་རིམ་གླེང་སྟེགས་ཟླ8པའི་ཚེས18ཉིན་ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་འཚོག་རྒྱུ་ཡིན་ལ། སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་གཞི་ནི“གྲངས་འཛིན་དཔལ་འབྱོར་ལ་བརྟེན་ནས་ལྷ་སའི་འབྱུང་འགྱུར་གཏོད”ཅེས་པ་རེད། གོ་ལ་ཧྲིལ་བོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་གྱི་རྒྱལ་ནང་ཡན་ལག་ཚོགས་ར་གཅིག་པུ་ཡིན་པའི་ཆ་ནས། ལྷ་སས་བསྟུད་མར་ལོ་ལྔའི་རིང་པེ་ཅིན་གྱི་ཚོགས་ར་གཙོ་བོ་དང་ཕྱོགས་གཉིས་སུ་མཉམ་འགུལ་དང་མཉམ་སྤེལ་བྱས་ཏེ། རྒྱལ་ཁབ་ཀྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀོད་པའི་ནང་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས།
ཐེངས་འདིའི་གླེང་སྟེགས་ནི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། ལྷ་ས་གྲོང་ཁྱེར་མཐོ་གསར་ཁུལ་དོ་དམ་ཨུ་ལྷན་དང་ལྷ་ས་གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཅུས། ལྷ་ས་གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུས་སོགས་ཀྱི་མཉམ་འབྲེལ་སྒོས་འགན་སྒྲུབ་བྱས་ཏེ། མཐོ་སྒང་གི་ཁྱད་ལྡན་ཐོན་ཁུངས་ཀྱི་མཐུན་རྐྱེན་སྦྱོར་བ་དང་གྲངས་འཛིན་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆར་རྐང་ཚུགས་ནས་གྲངས་འཛིན་དང་ནུས་ཁུངས། མིས་ཐབས་རིག་ནུས། དམའ་དབྱིངས་དཔལ་འབྱོར་སོགས་མདུན་སའི་འགྲན་ལམ་ལ་དམ་པོར་དམིགས་ཏེ། ཐོན་ཁུངས་སྦྲེལ་མཐུད་དང་གྲུབ་འབྲས་ཕྱོགས་སྒྱུར། ས་ཁོངས་མཉམ་ལས་སོགས་གཞི་གཅིག་ཏུ་འདུས་པའི་རྩེ་གྲས་སྤེལ་རེས་ལས་སྟེགས་བཏོད་རྒྱུར་གཞོལ་ཡོད།

པར་འདི་ནི2026ལོའི་གོ་ལ་ཧྲིལ་བོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་ནམ་ལྷ་སའི་མཐོ་རིམ་གླེང་སྟེགས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་རྣམ་པ་རེད།
གླེང་སྟེགས་གཙོ་བོ་ཟླ8པའི་ཚེས18ཉིན་གྱི་སྔ་དྲོར་འཚོགས་རྒྱུ་ཡིན་ལ། གཙོ་བོ་བོད་སྐད་ཡིག་གི་མིས་ཐབས་རིག་ནུས་དང་མཐོ་སྒང་བློ་གྲོས་ནུས་ཁུངས། ཀླད་པ་དང་འཕྲུལ་ཆས་མཐུད་ཁུང་གིས་མཐོ་སྒང་གི་བདེ་ཐང་ལ་མཐུན་རྐྱེན་སྦྱོར་བ་སོགས་མདུན་སའི་ཁྱབ་ཁོངས་ལ་དམིགས་ནས་བཞེད་དོན་གཏམ་བཤད་གནང་སྟེ། ལྷ་སའི་གྲངས་འཛིན་དཔལ་འབྱོར་བཀོལ་སྤྱོད་རྣམ་པའི་རྩིས་ཐོ་སྤྱི་བསྒྲགས་དང་། གཙོ་གནད་རྣམ་གྲངས་ལ་གཅིག་བསྡུས་གན་རྒྱ་འཇོག་པ། ཡུལ་དངོས་སུ་ཡར་ཀླུང་གཙང་པོའི་དཔལ་འབྱོར་རྒྱུད་ཀྱི་གྲངས་འཛིན་བར་ཁྱམས་མཉམ་སྐྲུན་མཛད་སྒོ་བཅས་སྤེལ་རྒྱུ་རེད།
རིམ་པ་གཅིག་པའི་ཡན་ལག་གླེང་སྟེགས་ཟླ8པའི་ཚེས18ཉིན་གྱི་ཕྱི་དྲོར་དུས་མཉམ་སུ་སྤེལ་རྒྱུ་ཡིན་ལ། དེར་དམའ་དབྱིངས་དཔལ་འབྱོར་དང་མིས་ཐབས་རིག་ནུས། OPCལས་རྣམ་གསོ་སྐྱོང་བཅས་ཆེད་དོན་གླེང་སྟེགས་གསུམ་བཀོད་སྒྲིག་བྱས་ནས་ཐོན་ལས་འཕེལ་ཕྱོགས་ལ་རྩིས་གྲངས་ཡིག་འབེབས་གཏིང་ཟབ་བྱ་རྒྱུ་ཡིན་པ་མ་ཟད། ད་དུང2026ལོའི“གཞི་གྲངས་རྒྱུ་རྐྱེན×”འགྲན་བསྡུར་ཆེན་མོའི་བོད་རང་སྐྱོང་ལྗོངས་ཀྱི་ཡན་ལག་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་པ།
འགན་སྲུང་ཆ་ཚང་དུས་མཉམ་དུ་ལག་ལེན་བསྟར་བ། གླེང་སྟེགས་ཀྱིས་ཁེ་ལས་གླིང་ཁུལ་དུ་སྐྱོད་པའི་བྱ་འགུལ་སྒྲིག་འཛུགས་བྱས་ཤིང་།ཁེ་ལས་འཐུས་མིས་ཡུལ་དངོས་སུ་གླིང་ཁུལ་གྱི་བྱ་བར་རྟོག་ཞིབ་གནང་ནས་སྲིད་གཞུང་དང་ཁེ་ལས་སྦྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ། དུས་མཉམ་དུ་སྨི་གྲུ་བཞི་མ་སྟོང་ཕྲག་གི་གྲུབ་འབྲས་འགྲེམ་ཁུལ་སྒྲིག་འཛུགས་བྱས་ནས་གྲངས་འཛིན་གསར་གཏོད་དང་ནུས་ཁུངས་གཙང་མ། མཐོ་སྒང་གློག་རྡུལ་ཚོང་དོན། རིག་ནུས་རིག་གནས་ཡུལ་སྐོར་བཅས་རིགས་ཆེན་པོ་བཞིའི་ནང་དོན་འདུས་ཡོད། གྲུབ་འབྲས་འགྲེམ་སྟོན་ཟླ8པའི་ཚེས19ཉིན་གྲོང་མིར་ཁ་ཕྱོགས་ནས་རིན་མེད་སྒོ་འབྱེད་རྒྱུ་ཡིན་པ་མ་ཟད། ད་དུང་སློབ་གྲྭ་ཆུང་འབྲིང་གི་སློབ་མ་སྒྲིག་འཛུགས་བྱས་ནས་ཁག་བགོས་ལྟ་སྐོར་བྱེད་པ་དང་། བྱིངས་སིམ་རྣམ་པའི་གྲངས་འཛིན་ཤེས་བྱ་མཉམ་འགུལ་ཉམས་ལེན་དང་ཁྱབ་གདལ་དུ་བཏང་བ་བརྒྱུད་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་ཀྱི་བྱང་ཚད་གསོ་སྐྱོང་བྱ་དགོས།

པར་འདི་ནི2025ལོའི་གོ་ལ་ཧྲིལ་བོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་ནམ་ལྷ་སའི་མཐོ་རིམ་གླེང་སྟེགས་ཀྱི་ཡུལ་དངོས་རྣམ་པ་རེད།

པར་འདི་ནི2025ལོའི་གོ་ལ་ཧྲིལ་བོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་ནམ་ལྷ་སའི་མཐོ་རིམ་གླེང་སྟེགས་ཀྱི་ཡུལ་དངོས་རྣམ་པ་རེད།
ཉེ་བའི་ལོ་འགའི་རིང་། ལྷ་སའི་མཐོ་གསར་ཁུལ་གྱི་གྲངས་འཛིན་དཔལ་འབྱོར་རིགས་ཀྱི་ཁེ་ལས1996ནས2911བར་གསར་འཕར་བྱུང་བ་དང་། ལོའི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར51ནས་སྒོར་དུང་ཕྱུར79.22ལ་མཆོང་འཕར་བྱུང་ཡོད། གླིང་ཁུལ་གྱི་གཞི་ཁྱོན་ཡན་གྱི་གྲངས་འཛིན་དཔལ་འབྱོར་ཁེ་ལས27གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར12.62ལ་སླེབས་ནས་ཐོན་ལས་གཞི་གདན་སྔར་ལས་སྲ་བརྟན་དུ་ཕྱིན་པ། གོ་ལ་ཧྲིལ་བོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་ནམ་ལྷ་སའི་མཐོ་རིམ་གླེང་སྟེགས་སོགས་བྱ་འགུལ་གལ་ཆེན་ནང་ཞུགས་པ་བརྒྱུད། ཀྲུང་གོ་འབྲེལ་འཕྲིན་དང་ཀྲུང་གོའི་ཡར་ཀླུང་གཙང་པོའི་སྡེ་ཚོགས་ནུས་ཁུངས་གསར་བའི་ཀུང་སི་སོགས་སྤུས་ལེགས་ཁེ་ལས50ལྷག་ནང་འདྲེན་བྱས་ཡོད་ལ། ཧྭ་ནིང་བོད་ལྗོངས་ནུས་ཁུངས་དང་ཀྲུང་གོའི་འཁྱེར་འཕྲིན་སོགས་ཁེ་ལས24གན་རྒྱ་བཞག་ནས་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར36.68ལ་སླེབས་ཡོད།
ཐེངས་འདིའི་མཐོ་རིམ་གླེང་སྟེགས་གཉེར་བ་ནི་ལྷ་སས་གྲོང་ཁྱེར་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བ་དང་། གྲངས་འཛིན་དཔལ་འབྱོར་དང་མཐོ་སྒང་ནུས་ཁུངས་གཙང་མའི་མཉམ་འདྲེས་གཏིང་ཟབ་གསར་གཏོད་དང་འཚོལ་ཞིབ་བྱེད་པ། ཐོན་སྐྱེད་ནུས་ཤུགས་གསར་བ་རྒྱ་སྐྱེད་གསོ་སྐྱོང་ལ་རྐང་ཚུགས་པའི་ལས་སྟེགས་གལ་ཆེན་ཞིག་རེད། ལྷ་སས“ཚོགས་ཆེན་ལ་བརྟེན་ནས་སྟོབས་ཤུགས་གོང་བུར་འགྲིལ་བ་དང་ཐོན་ལས་དར་རྒྱས་གཏོང་བ”རྒྱུན་འཁྱོངས་བྱས་ནས་གླེང་སྟེགས་གྲུབ་འབྲས་གདུམ་ཟུམ་དོན་འཁྱོལ་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གན་འཇོག་རྣམ་གྲངས་ཀྱི་དུས་འཁོར་ཧྲིལ་བོའི་ཞབས་ཞུའི་འགན་སྲུང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རིགས་སོ་སོའི་མཉམ་ལས་ཐུན་མོང་ངོས་འཛིན་དེ་དངོས་གནས་ཀྱི་ཐོན་ལས་འཕར་ཚད་དང་འཕེལ་རྒྱས་འགུལ་ནུས་སུ་སྒྱུར་བར་སྐུལ་འདེད་གཏོང་དགོས། ཟླ8པའི་ཚེས18ཉིན2026ལོའི་གོ་ལ་ཧྲིལ་བོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་ནམ་ལྷ་སའི་མཐོ་རིམ་གླེང་སྟེགས་དངོས་སུ་མགོ་རྩོམ་རྒྱུ་ཡིན་པས། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ལས་རིགས་སོ་སོའི་སྐུ་མགྲོན་གནའ་གྲོང་ལྷ་སར་འཛོམས་ནས། གྲངས་འཛིན་གྱི་གོ་སྐབས་མཉམ་དུ་འཚོལ་བ་དང་མཐོ་སྒང་གི་གྲངས་འཛིན་ནུས་ཁུངས་འཕེལ་རྒྱས་ཀྱི་ལྗོངས་རིས་གསར་བ་མཉམ་དུ་བཞེངས་པར་དགའ་བའི་བསུ་མ་བྱའོ། །
འཕྲིན་སྟེགས། weikangba