2026ལོའི་ལྷ་སའི་ཞོ་སྟོན་གྱི་རྟ་རྒྱུག་འགྲན་སྡུར་སྤེལ་རྒྱུ་རེད།

2026-08-11
246

2026ལོའི་ལྷ་སའི་ཞོ་སྟོན་རྟ་རྒྱུག་འགྲན་སྡུར་ཚོགས་ཆེན་ཟླ་8པའི་ཚེས་14ཉིན་ནས་15ཉིན་བར་སྤེལ་རྒྱུ་རེད།

    ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་ལས་ལྷག་པའི་སྒོ་ནས་རྒྱུན་འཛིན་བྱེད་པ་དང་། མི་རིགས་སོ་སོའི་མང་ཚོགས་ཀྱི་རིག་གནས་ལུས་རྩལ་བྱ་འགུལ་གྱི་སྣ་མང་དགོས་མཁོ་མུ་མཐུད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། “ཚོང་ལས་དང་ཡུལ་སྐོར། རིག་གནས། ལུས་རྩལ། བདེ་ཐང”བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། དེ་དང་ཆབས་ཅིག ལྗོངས་ཡོངས་ཀྱི་རྟ་རྩལ་དགའ་ཞེན་མཁན་དག་ལ་སྤེལ་རེས་དང་འགྲེམ་སྟོན་གྱི་ལས་སྟེགས་ཞིག་བསྐྲུན་ཆེད། ལྷ་ས་གྲོང་ཁྱེར་སྲིད་ཇུས་གིས་ཆོག་མཆན་བཀོད་པ་བརྒྱུད། ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་དང་ལྷ་ས་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཟླ་8པའི་ཚེས་14ཉིན་ནས་ཚེས་15ཉིན(གཟའ་པ་སངས། གཟའ་སྤེན་པ)བར་ལྷ་སའི་བྱང་འདབས་ཀྱི་རྟ་རྒྱུག་ཐང་ཆེན་དུ་2026ལོའི་ལྷ་སའི་ཞོ་སྟོན་རྟ་རྒྱུག་འགྲན་སྡུར་ཚོགས་ཆེན་སྤེལ་རྒྱུ་རེད།

图片

     གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7གྱི་རྟ་རྩལ་དགའ་ཞེན་མཁན་དང་ཆེད་ལས་རྟ་རྩལ་པ། སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་རྒྱུན་འཛིན་པ་བཅས་ལ་ཁ་ཕྱོགས་ནས། འགྲན་སྡུར་ནང་སྲོལ་རྒྱུན་གྱི་རྟ་རྩལ་ངོམ་པའི་རྣམ་གྲངས་གཉིས་དང་རྟ་རྩལ་འགྲན་སྡུར་རྣམ་གྲངས་བརྒྱད་བཀོད་སྒྲིག་བྱས་ཡོད། སྐབས་འདིའི་འགྲན་སྡུར་ནི་ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་དང་ལྷ་ས་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་ཤིང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་དང་མི་རིགས་སྲོལ་རྒྱུན་ལུས་རྩལ་མཛུབ་སྟོན་དོ་དམ་ལྟེ་གནས་དང་ལྷ་ས་གྲོང་ཁྱེར་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་འགན་སྒྲུབ་བྱས་པ། བོད་རང་སྐྱོང་ལྗོངས་རྟ་རྩལ་མཐུན་ཚོགས་ཀྱིས་རོགས་སྒྲུབ་བྱས་ནས་སྤེལ་རྒྱུ་རེད། །


  • 顶