
གསར་འགྱུར་མྱུར་སྤེལ། ཀྲུང་གོ་ས་འགུལ་ལས་ཁུངས་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཟླ་6ཚེས་16ཉིན་གྱི་ཆུ་ཚོད་17དང་སྐར་མ་6ཐོག་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐད་གཏོགས་ཆུས་སུ་རིམ་པ་6.3ཅན་གྱི་ས་འགུལ་བྱུང་བ་དང་ས་འགུལ་གྱི་གཏིང་ཚད་སྤྱི་ལེ་10ཡིན་པ་དང་ས་འགུལ་ལྟེ་གནས་ནི་འཕྲེད་ཐིག་བྱང་མའི་ཏུའུ་37.80དང་ཤར་གཞུང་ཐིག་གི་ཏུའུ་95.56ཡིན།

སྟབས་ལེགས་པ་ཞིག་ལ། གསར་འགོད་པ་དང་ས་གནས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་རྒྱུས་ལོན་བྱུང་བ་ལྟར་ན། མི་སྣ་ཤི་རྨས་དང་རྒྱུ་མོར་གྱོང་གུད་ཀྱི་གནས་ཚུལ་ཚབས་ཆེན་བྱུང་མེད་ལ། འབྲེལ་ཡོད་གནས་ཚུལ་དུས་ལྟར་འགོད་བཞིན་པའི་སྒང་རེད།

གསར་འགོད་པ། བཀྲ་ཤིས་རབ་བརྟན།
འཕྲིན་སྟེགས། weikangba