མཚོ་སྔོན་མཚོ་ནུབ་ཁུལ་དུ་ས་ཡོམ་རིམ་པ་6.3བརྒྱབ་པ།

2026-06-17
262

ཀྲུང་གོ་ས་ཡོམ་དྲ་བས་དངོས་སུ་ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན། ཟླ་6པའི་ཚེས་16ཉིན་གྱི་ཆུ་ཚོད་17དང་སྐར་མ་06གི་ཐོག མཚོ་སྔོན་མཚོ་ནུབ་ཁུལ་གྱི་ཐད་གཏོགས་ཁུལ(འཕྲེད་ཐིག་བྱང་མའི་ཏུའུ་37.80དང་ཤར་གྱི་གཞུང་ཐིག་ཏུའུ་95.56)དུ་ས་ཡོམ་རིམ་པ་6.3བརྒྱབ་པ་དང་ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྟོང་སྨི་10ཟིན་ཡོད་པ་རེད།



    གསར་འགོད་པར་ས་གནས་དེ་གའི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་ནུབ་ཁུལ་ལ་ཡོམ་ཚོར་མངོན་གསལ་དོད་པོ་ཡོད་ལ། མིག་སྔར་མི་སྣ་ཤི་རྨས་བྱུང་བ་དང་རྒྱུ་ནོར་ལ་གྱོང་གུན་བཟོས་པའི་སྐོར་གྱི་སྙན་ཞུ་གནས་སྐབས་འབྱོར་མེད་པ་དང་། འབྲེལ་ཡོད་གནས་ཚུལ་ཐད་མུ་མཐུད་ཤེས་རྟོགས་བྱེད་བཞིན་ཡོད་པ་རེད།

    ཐེངས་འདིའི་ས་ཡོམ་རྒྱག་ས་ལྟེ་བའི་སྤྱི་ལེ་5ཡི་ཁྱབ་ཁོངས་ནང་ཆ་སྙོམས་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་4272ཟིན་པ་དང་། མཐའ་འཁོར་གྱི་སྤྱི་ལེ་5ཡི་ནང་གནས་པའི་གྲོང་ཚོའི་གྲས་སུ་ལུག་མགོ་ཆེ་ལུང་པ་དང་སྤྱི་ལེ་20ཡི་ནང་གནས་པའི་ཤང་དང་གྲོང་རྡལ་ནང་ཚྭ་འདམ་གྲོང་རྡལ་ཡོད་པ་རེད།



    ཀྲུང་གོ་ས་ཡོམ་དྲ་བའི་ཆ་འཕྲིན་ལྟར་ན། ཡོམ་ལྟེའི་མཐའ་འཁོར་གྱི་སྤྱི་ལེ་200ཡི་ནང་ཉེ་བའི་ལོ་5ཡི་རིང་རིམ་པ་3ཡན་གྱི་ས་ཡོམ་ཐེངས་50བརྒྱབ་པ་དང་ས་ཡོམ་ཤུགས་ཚད་ཆེ་ཤོས་ནི་ཐེངས་འདིའི་ས་ཡོམ་འདི་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།


  • 顶