པར་འདི་ནི་ཟླ3པའི་ཚེས28ཉིན་བླངས་པའི་ལང་ལོང་དུ་རྒྱུག་པའི་ཡིད་འོང་གཙང་པོ་དང་འགྲམ་རྒྱུད་ནས་རབ་ཏུ་བཞད་པའི་སྟག་མའི་མེ་ཏོག་ཡིན།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་ནས་ཉིང་ཁྲི་གྲོང་ཁྱེར་སྤོ་མེས་ཡིད་འོང་གཙང་པོར་བཞུར་བའི་གཙང་ཆུ་ཡིས་རི་མཐོའི་སྟག་མའི་མེ་ཏོག་ལ་གཟིགས་པའི་དུས་ཚིགས་བསུས། ཡར་ཀླུང་གཙང་པོའི་རིམ་གཉིས་ཆུ་ལག་ཡིན་པའི་ངོས་ནས། ཡིད་འོང་གཙང་པོ་འགྲམ་རྒྱུད་དུ་མུ་འབྲེལ་རི་རྒྱུད་ཀྱིས་ཁེབས་པ་དང་། རི་མཐོ་གྲོག་རོང་བར་དུ་མཐོ་སྒང་གི་སྟག་མའི་མེ་ཏོག་རབ་ཏུ་བཞད། ཁ་མདོག་གློ་ཁ་དང་དམར་སྨུག་གི་མེ་ཏོག་གིས་གསོམ་ཤིང་གི་ནགས་ཚལ་ཡོངས་སུ་བརྒྱན་ཞིང་། ཀྱང་ཀྱོག་གི་ཆུ་བོ་དང་ཕན་ཚུན་བརྒྱན་ཏེ་རྔམ་བརྗིད་ལྡན་པའི་མཐོ་སྒང་གི་སྐྱེ་ཁམས་རི་མོ་ཞིག་ངང་གིས་གྲུབ་ཡོད། །
པར་འདི་ནི་ཟླ3པའི་ཚེས28ཉིན་རི་མཐོ་གྲོག་རོང་བར་ནས་རབ་ཏུ་བཞད་པའི་སྟག་མའི་མེ་ཏོག་ཡིན།
པར་འདི་ནི་ཟླ3པའི་ཚེས28ཉིན་གྱི་ཡིད་འོང་གཙང་པོ་དང་རབ་ཏུ་བཞད་པའི་སྟག་མའི་མེ་ཏོག་ཡིན།

པར་འདི་ནི་ཟླ3པའི་ཚེས28ཉིན་རྐང་ཐང་ལ་འགྲོ་མཁན་གཉིས་བོད་ལྗོངས་ཤར་ལྷོ་རྒྱུད་ཀྱི་ནགས་ཚལ་དུ་ཡོད་པའི་ཚུལ་ཡིན། རྒྱང་རིང་ནི་རི་མཐོའི་རབ་ཏུ་བཞད་པའི་སྟག་མའི་མེ་ཏོག་ཡིན།

པར་འདི་ནི་ཟླ3པའི་ཚེས28ཉིན་རི་མཐོའི་སྟག་མའི་མེ་ཏོག་གིས་གསོམ་ཤིང་གི་ནགས་ཚལ་བརྒྱན་པའི་ཚུལ་ཡིན།
པར་འདི་ནི་ཟླ3པའི་ཚེས28ཉིན་ཡིད་འོང་གཙང་པོ་འགྲམ་རྒྱུད་ཀྱི་རབ་ཏུ་བཞད་པའི་སྟག་མའི་མེ་ཏོག་ཡིན།
འཕྲིན་སྟེགས། weikangba