དཔྱིད་ཀའི་ཁ་བ་བབས་བྱུང་། འཇིག་རྟེན་ཀུན་བདེ་འཇགས་སུ་གནས།
དཔྱིད་ཀའི་ཁ་བ་ཐེངས་ཤིག་ཁུ་སུམ་མུར་རྣམ་གླིང་རྫོང་གི་ས་གཞིར་བབས་བྱུང་།
གྲང་ངར་ཆེ་བའི་དགུན་ཁ་དང་མི་འདྲ་བར་ཞི་འཇམ་གྱི་མཛེས་སྡུག་ཞིག་ལྡན་ལ། རྒྱང་རིང་གི་རི་བོ་དང་ཞིང་ཁ། ཁྲོམ་གཞུང་བཅས་ཚང་མར་དཀར་གཙང་ཞི་འཇམ་གྱིས་ཁེབས་ཡོད།
ཁ་བའི་འདབ་མ་སྡོང་མགོར་ལྷུང་བ་ན་སྡོང་མགོར་མེ་ཏོག་དཀར་པོ་བཞད་པ་དང་འདྲ། མཐོ་སྒང་གི་དཔྱིད་རླུང་གིས་གྲང་ངར་ཆེ་བའི་མཁའ་དབུགས་འཁྱེར་ཡོང་ལ། ཕྱེད་ཀ་ནི་དགུན་དུས་ཀྱི་སྟོང་ཆ་ཡིན་པ་དང་ཕྱེད་ཀ་ནི་དཔྱིད་ཀྱི་རེ་བ་རེད།
དཔྱིད་ཀའི་ཁ་བ་ནི་སྣུམ་ལྟར་རྩ་ཆེ་ཞིང་བྱ་དངོས་ཡོད་ཚད་ལ་བརླན་གཤེར་ལྡན་པ་དང་། ད་ལོར་རླུང་འཇམ་ཆར་འཚམ་དང་ལོ་ལེགས་འབྱུང་བའང་མཚོན་གྱི་ཡོད། ཁ་བ་ས་གཞིར་ལྷུང་བར་སྒྲ་མེད་ནའང་མིའི་སེམས་ལ་སྒྲ་སྙན་ཞིག་གྲགས་ཡོང་ལ། དཔྱིད་ཀའི་ཁ་བ་འདིས་ལོ་ཧྲིལ་པོར་བདེ་སྐྱིད་དང་དགའ་སྤྲོ་སྦྱིན་ཐུབ་པར་སྨོན།
ཁ་བ་འབབ་མཚམས་ཡོད་པ་དང་མེ་ཏོག་བཞད་པར་རེ་སྒུག་ཡོད།
ཁ་བ་བབས་ནས་གནམ་གཤིས་དྭངས་རྗེས། རྣམ་གླིང་རྫོང་ནི་སྔར་བས་མཛེས་སྡུག་ལྡན་པའི་དཔྱིད་ཀའི་འོད་མདངས་འཕྲོས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བ་ཞིག་རེད། །








