ཡུན་ནན་བདེ་ཆེན་གྱིས་གངས་འཁྱག་ལ་བརྟེན་ནས་དགུན་དུས་ཡུལ་སྐོར་གྱིས་ཡུལ་ཁོངས་ཡོངས་ཀྱི་སྒུལ་ནུས་གསར་པ་བསླངས་པ།

2025-12-23
207

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། “བདེ་ཆེན་དུ་འགྲུལ་སྡོད་བྱེད། གངས་ལྗོངས་ཀྱི་སེམས་ཀྱི་ཉི་ཟླ”ཞེས་པའི་དགུན་དུས་གངས་འཁྱག་བརྗོད་དོན་ཡིན་པའིIPམུ་འབྲེལ་དྲིལ་སྒྲོག་བྱ་འགུལ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་སྤེལ་མགོ་བརྩམས་པ་དང་། ཐེངས་འདིའི་བྱ་འགུལ་གྱིས“འགྲུལ་སྡོད”སྲོག་ཤིང་དུ་བྱས་ནས། གངས་འཁྱག་ཡུལ་ལྗོངས་དང་ཕྱི་རོལ་ལས་རྩལ། གཟུགས་འདས་རིག་གནས་ཤུལ་བཞག་བཅས་འདྲེས་སྦྱོར་ཟབ་མོ་བྱེད་པ། ཕྱི་རོལ་དང་རིག་གནས་ཡུལ་སྐོར། པར་ལེན་ཁྱབ་ཁོངས་བཅས་ཀྱི་མི་སྣ་གྲགས་ཅན་མང་པོ་གདན་འདྲེན་ཞུས་ནས“འཛམ་གླིང་གི་སེམས་ཀྱི་ཉི་ཟླ”རོལ་མྱོང་ཟབ་མོ་བྱེད་དུ་བཅུག་པ་དང་། སེམས་ཀྱི་ཉི་ཟླའི་ཟོང་རྟགས་ཀྱི་རྒྱལ་སྤྱིའི་མིང་གྲགས་ཆོད་ཚད་དང་ཁྲོམ་རའི་འགུག་ཤུགས་མུ་མཐུད་དུ་མཐོར་བཏེགས། 

ཐུན་མོང་མ་ཡིན་པའི་ཐོན་ཁུངས་དང་གཏིང་ཟབ་པའི་རིག་གནས་སྙིང་བཅུད། འཐུས་སྒོ་ཚང་བའི་ཡུལ་སྐོར་སྒྲིག་བཀོད་ལ་བརྟེན་ནས། བདེ་ཆེན་ཁུལ་གྱིས“དགུན་དུས་ཡུལ་སྐོར་པ་ཉུང་བའི”རྣམ་པ་སྒྱུར་ཏེ“དུས་བཞི་ཡུལ་སྐོར་བྱས་ཆོག་པའི”རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་སྐྲུན།

པར་འདི་ནི་ཤྭ་ཁ་གངས་རི་ནས་སྨན་གླིང་གངས་རི་ལ་རྒྱང་གཟིགས་བྱེད་བཞིན་པའི་ཚུལ་རེད།

བདེ་ཆེན་མངའ་ཁོངས་སུ་གངས་རི་ཤིན་ཏུ་མང་བས། དགུན་དུས་ནི་གངས་འཁྱགས་ཡུལ་སྐོར་ལྗོངས་གཟིགས་དང་རོལ་མྱོང་བྱེད་པའི་དུས་བཟང་ཡིན། ཤྭ་ཁ་གངས་རིའི་ལྗོངས་ཁུལ་ལེགས་སྒྲིག་རིམ་སྤར་བྱུང་རྗེས། འབྲེང་འཁོར་ལྗོངས་གཟིགས་ནུས་བ་ལྡན་པའི་ཕྱོགས་བསྡུས་ལྗོངས་ཁུལ་ཞིག་ཏུ་གྱུར་ནས། ཡུལ་སྐོར་པ་གངས་རི་རྩེ་ལ་བསྙེགས་ཏེ་སྨན་གླིང་གངས་རི་སོགས་ཀྱི་མིང་གྲགས་གངས་རི8ལ་གཟིགས་ཆོག ད་ལོའི་ཟླ1པར་ཤྭ་ཁ་གངས་རིའི་གངས་ཤུད་ར་བ་དངོས་སུ་སྒོ་འབྱེད་པ་དང་མཉམ་དུ་གངས་འཁོར་དང་རྐང་ཐང་འགྲོ་བའི་ཁྱད་ལྡན་ལས་གཞི་ཁྱབ་གདལ་བཏང་པས། ཡུལ་སྐོར་པས་གངས་རི་དང་སྤང་ལྗོངས། མཚོ་དང་མཚེའུ་གྲུབ་པའི་གངས་གཟུགས་སྐྱེ་ཁམས་མཛེས་ལྗོངས་ལོངས་སུ་སྤྱོད་པ་དང་ཆབས་ཅིག་དངོས་སུ་གངས་འཁྱགས་ལུས་རྩལ་རོལ་མྱོང་བྱེད་ཐུབ་པས། ནུས་ལྡན་ངང་བདེ་ཆེན་གྱི་དགུན་དུས་ཡུལ་སྐོར་རོལ་མྱོང་གི་སྟོང་ཆ་བསྐངས།

པར་འདི་ནི་ཡུལ་སྐོར་གྲགས་ཅན་དག་འབའ་ལྷག་བྲག་དཀར་ནས་གངས་ཤུད་བྱེད་བཞིན་པའི་ཚུལ་རེད།

འབའ་ལྷག་དཀར་རྫོང་ལྗོངས་ཁུལ་དུ་གངས་རྩེ་དང་རི་ཚོགས། མཚོ་དང་མཚེའུ་ཕན་ཚུན་གཅིག་གིས་གཅིག་རྒྱན་པ་དང་། མིག་སྔར། འབའ་ལྷག་དཀར་རྫོང་ལྗོངས་ཁུལ་དུ་གཞི་ཁྱོན་ཅན་གྱི་ཞག་སྡོད་དང་བཟའ་བཏུང་སྣེ་ལེན་མ་ལག་ཆགས་པས། “ཞག་སྡོད+བཟའ་བཏུང+རིག་གནས་རོལ་མྱོང”གི་གཞི་གཅིག་ཅན་གྱི་དཔེ་དབྱིབས་བརྒྱུད་དེ་ཡུལ་སྐོར་པས་གངས་འཁྱགས་རོལ་མྱོང་བྱེད་པ་དང་ཆབས་ཅིག་གཏིང་ཟབ་སྒོས་ས་གནས་འཚོ་བ་ལོངས་སུ་སྤྱོད་པ་དང་། དེས་གྲོང་གསེབ་ཡུལ་སྐོར་འབབ་འཕར་སྣེ་ཁྲིད་བྱས་པ་མ་ཟད། གྲོང་གསེབ་དར་སྤེལ་དང་གངས་འཁྱགས་དཔལ་འབྱོར་མཐུན་སྦྱོར་ལ་སྐུལ་འདེད་བྱས།

པར་འདི་ནི་དགུན་དུས་ཀྱི་ནགས་ཕག་མཚོ་རེད།

བདེ་ཆེན་ཁུལ་ཕྱི་རོལ་ལུས་རྩལ་ཐོན་ཁུངས་ལ་ཐུན་མིན་ཁྱད་ཆོས་ལྡན། འབའ་ལུང་ལི་སའོ་རིགས་རང་སྐྱོང་རྫོང་གིས་ནགས་ཚལ་དང་སྤང་ལྗོངས། མཚོ་དང་མཚེའུ། གངས་རི་སོགས་ནང་དུ་ཚུད་པའི་སྣ་མང་ཡུལ་ལྗོངས་ཀྱི་རྐང་ཐང་ལམ་ཐིག་རྩེ་གྲ་གཏོད་པ་དང་། ནགས་ཕག་མཚོ་བརླན་སས་ཀྱང“དྭངས་ཤིང་གཙང་བའི་ཆུ་ཡིས་གངས་རི་མངོན”ཞེས་པའི་ལྷིང་འཇགས་ཀྱི་ཡུལ་ལྗོངས་མངོན། མཚོ་བསྐོར་རྐང་ཐང་དང་སྒེར་འཁོར་ལམ་ཐིག་མཉམ་དུ་སྦྲེལ་པའི་འགྲམ་རྒྱུད་ཡུལ་ལྗོངས་དང། ལྗོངས་ཁུལ་ས་ཚིགས5དང་རིག་གནས་རོལ་མྱོང་གནས2རྣམ་པ་གྲུབ་པས་ཡུལ་སྐོར་པས་རོལ་མྱོང་བྱེད་དུས་རིམ་པ་ལྡན་པ་རེད།

དུས་མཚུངས་སུ“བོད་ཟས”ཡུལ་སྲོལ་གོམས་གཤིས་རྒྱུད་འཛིན་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར། བདེ་ཆེན་ཁུལ་གྱི་ས་གནས་བཟའ་བཏུང་ཁེ་ལས་ཀྱིས་དགུན་དུས་ཁྱད་ལྡན་ཚལ་ཐོ་བཏོན་ཏེ། སྐམ་ཤའི་རྒྱ་ཁོག་དང་ནས་ཀྱི་བག་ལེབ། ཇ་མངར་མོ་སོགས་ཀྱི་སྲོལ་རྒྱུན་ཟས་མངར་རྒྱུན་མཐུད་མང་དུ་གྲགས། ནགས་ཕག་མཚོ་འགྲམ་གྱི“ཁང་པ་དམར་པོ་ཁོ་ཧྥའེ་འཐུང་ས”ཡིས་ཐོག་མར“མར་གྱིDirty”སོགས་ཀྱི་མཉམ་འདྲེས་བཏུང་རྫས་གཏོད་པས་བོད་ལུགས་རྒྱུ་ཆ་དང་དེང་རབས་ཁོ་ཧྥའེ་བཟོ་ཚུལ་ཟུང་འབྲེལ་བྱས་པས་ཐུན་མོང་མ་ཡིན་པའི་བྲོ་བ་བཏོན།

ཉེ་བའི་ལོ་འགའི་རིང་། བདེ་ཆེན་ཁུལ་གྱིས“ཡུན་ནན་ཞེས་འབོད་པའི་འཚོ་བ་ཞིག་ཡོད”ཞེས་པ་གཙོ་བོར་བཟུང་ནས། མུ་མཐུད་དུ་དགུན་དུས་ཡུལ་སྐོར་ཐོན་ཁུངས་དང་གསར་སྐྲུན་ཐོན་རྫས། ལས་རྣམ་དང་དཔེ་དབྱིབས་ལེགས་སུ་བཏང་སྟེ། རྒྱུན་མཐུད་ངང་དགུན་དུས་ཡུལ་སྐོར་གྱི་སེམས་ཀྱི་ཉི་ཟླའི་ཟོང་རྟགས་རྣམ་པ་དྲིལ་སྒྲོག་བྱས་ནས་ཁྱབ་གདལ་བཏང་། གངས་འཁྱགས་ལུས་རྩལ་ཐོན་ལས་ལ་ཤུགས་ཆེན་པོ་བརྒྱབ་པས་འཕེལ་རྒྱས་ཆེན་པོ་བྱུང་།

པར་འདི་ནི་ཡུལ་སྐོར་པས་སྐར་བདུན་གངས་ཤུད་ར་བ་ནས་རོལ་མྱོང་བྱེད་བཞིན་པའི་ཚུལ་རེད།

ཐོན་རྫས་ལས་རྣམ་གསར་གཏོད་ཕྱོགས་ནས། བདེ་ཆེན་ཁུལ་གྱིས་མེ་ཏོག་ཡུལ་སྐོར་དང་ཀོ་ཤའི་ཡུལ་སྐོར། ཚང་ཁང་འཚོལ་ཞིང་ཡུལ་སྐོར་བཅས་ཀྱི་ལམ་ཐིག་གཏོད་དེ། 2025ལོའི་སེམས་ཀྱི་ཉི་ཟླའི་ལྗོངས་ཕྱིའི་འགྲན་བསྡུར་དང་སྐབས་བཅུ་གཅིག་པའི་སྨན་གླིང་རིམ་པ100མཐར་ཐུག་ཐེག་ཤུགས་འགྲན་བསྡུར་སོགས་ཀྱི་བྱ་འགུལ་སྤེལ་བས་ཁུལ་ཡོངས་ཀྱི་རྐང་ཐང་ཐོན་ཁུངས་གསོན་ཤུགས་རྒྱས་པར་བཅུག “འཛམ་གླིང་རྐང་ཐང་གནས་མཆོག”གཏོད་དེ་སྐྱེ་ཁམས་སློབ་ཞིབ་དང་ཞིང་རྨོ་རོལ་མྱོང་། གྲོང་གསེབ་འགྲུལ་སྡོད་སོགས་ཀྱི་ཞིང་ལས་དང་རིག་གནས། ཡུལ་སྐོར་མཉམ་དུ་འདྲེས་པའི་ལས་རྣམ་གསར་བ་གཏོད། ཤྭ་ཁ་གངས་རི་དང་སྐར་བདུན་གངས་ཤུད་ར་བ་སོགས་ཀྱི་ཡུལ་སྐོར་ཐོན་ཁུངས་ཡང་བསྐྱར་གཉེར་མགོ་བརྩམས་པས། གངས་རྩེད་རྟ་གཟིགས་དང་རི་རྩེར་ཉི་འོད་རྒྱག་པ་སོགས་ཀྱི་དགུན་དུས་ཡུལ་སྐོར་ཐོན་རྫས་ལ་ཡུལ་སྐོར་པའི་དགའ་བསུ་ཆེན་པོ་ཐོབ་པ་དང་། “སྤུས་ལེགས་འགྲུལ་སྡོད་སྒྲིག་བཀོད+གངས་འཁྱགས་ཐོན་ཁུངས་གཙོ་བོ+གཟུགས་འདས་གཏིང་ཟབ་རོལ་མྱོང”བཅས་ཀྱི་དགུན་དུས་རིག་གནས་ཡུལ་སྐོར་དཔེ་དབྱིབས་གསར་བ་སྐྲུན།

པར་འདི་ནི་ཉི་ཤར་གྱི་རྫ་ནག་རེད།

བདེ་ཆེན་ཁུལ་གྱིས་གཟུགས་འདས་རོལ་མྱོང་དང་མི་རིགས་ཞབས་བྲོ་འགྲེམ་སྟོན། བོད་སྨན་རིག་གནས་རོལ་མྱོང་སོགས་མཉམ་འདྲེས་ཀྱི་ཡུལ་སྐོར་བྱ་འགུལ་སྤེལ་ནས། རིག་གནས་སྲོག་ཤིང་དང་ཡུལ་སྐོར་འདེགས་སྐྱོར་བྱས་ནས་མུ་མཐུད་དུ་ཡུལ་སྐོར་པ་བྱ་འགུལ་ནང་ཞུགས་ཚད་དང་རོལ་མྱོང་ཚད་མཐོ་རུ་བཏང་། བདེ་ཆེན་ཁུལ་གྱིས་གཟུགས་འདས་ལྗོངས་ཁུལ་དང་རླངས་འཁོར་འབབ་ཚིགས། གནམ་ཐང་དུ་བསྐྱོད་དེ“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”བྱ་འགུལ་སྤེལ། སྐོར་བྲོ་དང་བོད་སྨན། དོམ་པ་ཤོག་བཟོ། རྫ་ནག་བཟོ་རྩལ། བོད་སྤོས་སོགས་ཀྱི་གཟུགས་འདས་རོལ་མྱོང་ལས་གཞི་ཚད་ལྡན་དུ་བཏང་། “གཟུགས་འདས+རིག་གནས་ཡུལ་སྐོར”ཕན་ཚུན་སྐུལ་འདེད་བཏང་བས་ནུས་འབྲས་མངོན་གསལ་ཡིན།

མ་འོངས་པར། བདེ་ཆེན་གྱིས་རྒྱུན་མཐུད་ངང་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་དང་ཐོན་རྫས་མཁོ་སྤྲོད་ལེགས་སྒྱུར་བྱེད་པ། ཟོང་རྟགས་རིན་ཐང་མཐོར་འདེགས་པ་དང་། ལས་རྣམ་ཕུན་སུམ་ཚོགས་པ་དང་ཞབས་ཞུ་སྔར་ལས་སྤུས་ལེགས་པ། ཁྱད་ཆོས་སྔར་ལས་མངོན་གསལ་བཅས་ལ་བརྟེན་ནས། རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་་ལེའུ་གསར་པ་བརྩམས་ཏེ། “འཛམ་གླིང་གི་སེམས་ཀྱི་ཉི་ཟླའི”ཟོང་རྟགས་རྒྱལ་སྤྱིའི་སྟེགས་བུ་ཐོག་སྔར་ལས་བཀྲག་མདངས་ལྡན་པའི་གཟི་འོད་འཕྲོ་རུ་འཇུག་རྒྱུ་རེད། །


  • 顶