ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ཞིང་ལས་ཞིང་སྡེ་ཅུས་ནས་ཤེས་གསལ་ལྟར་ན། 2025ལོའི་ཟླ10པའི་ཚེས9ཉིན་བར་གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྟོན་བསྡུ་བའི་ལས་དོན་མཇུག་རྫོགས་པའི་དུས་མཚམས་སུ་སླེབས་ནས་སྤྱི་ཡོངས་ཀྱི་འཕེལ་རིམ94.19%ལ་སླེབས་ཡོད། གྲོང་ཁྱེར་ཡོངས་ཀྱི་རིགས་སོ་སོའི་ཞིང་ལས་ལོ་ཏོག་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི139.67ཟིན་པ་དང་དེའི་ནང་མུའུ་ཁྲི131.56བརྔ་བསྡུ་བྱས་ནས། ལོ་ཧྲིལ་བོའི་ཞིང་ལས་ཐོན་མཐོ་སྡུད་ལེགས་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

པར་འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་མཁར་སྨད་ཤང་གི་སྟོན་བསྡུའི་ཡུལ་དངོས་རྣམ་པ་རེད།

པར་འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་མཁར་སྨད་ཤང་གི་སྟོན་བསྡུའི་ཡུལ་དངོས་རྣམ་པ་རེད།
བོད་ལྗོངས་ཀྱི་ཞིང་ལས་ཐོན་ཁུལ་གཙོ་བོ་ཡིན་པའི་ཆ་ནས་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་འབྲུ་རིགས་བདེ་འཇགས་འགན་འཁྲི་མཐའ་གཅིག་ཏུ་ཐེག་ཁུར་བྱས་ཏེ། འབྲུ་རིགས་ལོ་ཏོག་བརྔ་བསྡུའི་འཕེལ་རིམ97.29%ལ་སླེབས་ཡོད། དེའི་ཁྲོད་ནས་འབྲུ་འདི་ཉིད་ས་གནས་ཀྱི་གཙོ་འདེབས་འབྲུ་རིགས་ལོ་ཏོག་ཡིན་པའི་ཆ་ནས་ས་ཞིང་མུའུ་ཁྲི94.1འདེབས་འཛུགས་བྱས་ཡོད་པ་དང་དེའི་ནང་མུའུ་ཁྲི91.98བརྔ་བསྡུ་བྱས་ཡོད་ལ། བརྔ་བསྡུའི་འཕེལ་རིམ97.75%ལ་སླེབས་ནས་གཞི་རྩའི་ཆ་ནས“འབྲུ་རྡོག་གཅིག་ཀྱང་མ་ལུས་པར་བསྡུ་བ”མངོན་འགྱུར་བྱུང་ཡོད།

པར་འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་མཁར་སྨད་ཤང་གི་སྟོན་བསྡུ་བའི་ཡུལ་དངོས་རྣམ་པ་རེད།

པར་འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་མཁར་སྨད་ཤང་གི་སྟོན་བསྡུ་བའི་ཡུལ་དངོས་རྣམ་པ་རེད།
དཔལ་འབྱོར་དང་ཁྱད་ལྡན་ལོ་ཏོག་ཐད། སྣུམ་རྒྱུའི་ལོ་ཏོག་བརྔ་བསྡུའི་འཕེལ་རིམ98.79%ལ་སླེབས་ནས་རྗེས་མཐུད་ཀྱི་ལས་སྣོན་དང་ཁྲོམ་རའི་མཁོ་སྤྲོད་ལ་འགན་སྲུང་ནུས་ལྡན་བྱས་ཡོད། སྔོ་ཚལ་དང་གཟན་རྩྭ་བརྔ་བསྡུའི་ལས་དོན་ཡང་བརྟན་པོའི་ངང་སྤེལ་ཏེ་སོ་སོར་མུའུ་ཁྲི12.55དང་མུའུ་ཁྲི9.86བརྔ་བསྡུ་བྱས་ནས། སྟོན་དུས་ཁྲོམ་ར་དང་དགུན་དུས་ཕྱུགས་ལས་གཟན་རྩྭ་གསོག་འཇོག་དགོས་མཁོ་བསྐངས་ཡོད།

པར་འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་མཁར་སྨད་ཤང་གི་རྒྱ་ཁྱོན་ཆེ་བའི་ནས་ཞིང་གི་སྟོན་དུས་ཡུལ་ལྗོངས་རེད།
མིག་སྔར། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་སྟོན་བསྡུས་ལས་དོན་གྱི་མཇུག་བསྡུ་དང་རྗེས་མཐུད་ཀྱི་ཐོན་སྐྱེད་སྦྲེལ་མཐུད་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བཞིན་ཡོད། ཤེས་གསལ་ལྟར་ན། རྗེས་མར་གཞིས་ཀ་རྩེ་གྲོང་ཁྱེར་ཞིང་ལས་ཞིང་སྡེ་ཅུས་ཀྱིས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་འབྲུ་རིགས་གྲིབ་སྐམ་དང་མཛོད་འཇུག་དོ་དམ། སྟོན་རྨོད། སྟོན་ཆུ་འདྲེན་པ། དགུན་འདེབས་སོགས་ཀྱི་ལས་དོན་ལ་མཛུབ་སྟོན་བྱས་ཏེ། སང་ལོའི་ཞིང་ལས་ཐོན་སྐྱེད་ལ་རྨང་གཞི་བརྟན་པོ་གཏོང་དགོས། །