ཛམ་ཐང་རྫོང་གི་ཛམ་བྷ་ལའི་དུས་སྟོན་གྱི་བྱེད་སྒོ་འདི་འདྲ་རེད།

2025-08-01
348

图片

ཟླ་བདུན་པའི་ཚེས་སོ་གཅིག་ཉིན། རྔ་བ་ཁུལ་གྱི་རྩྭ་ཐང་ཆེན་མོའི་རིག་གནས་ཡུལ་སྐོར་དུས་སྟོན་ཏེ། ཛམ་བྷ་ལའི་དུས་སྟོན་དང་སེ་འབྲུའི་ལས་གཞིའི་ལས་བྱེད་པ་དང་མང་ཚོགས་ཀྱི་མཉམ་འབྲེལ་སྤྲོ་ཚོགས་ཆེན་མོ་དེ་ཛམ་ཐང་རྫོང་ནས་གཟབ་རྒྱས་ངང་སྤེལ་བ་རེད། 

ཐེངས་འདིའི་བྱེད་སྒོ་ནི་རིག་པའི་འབྱུང་གནས། གཡང་ཁྱིམ་ཛམ་ཐང་ཞེས་པ་བརྗོད་དོན་དུ་བཟུང་ཞིང་། ཛམ་ཐང་ནོར་བུའི་གླིང་གི་སྤྲོ་འཛོམས་ཞེས་པའི་སྒྱུ་རྩལ་འཁྲབ་སྟོན་གྱི་སྟོན་མོ་གྱ་ནོམ་པ་ཞིག་བཤམས་ནས། ཛམ་ཐང་རྫོང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་མཚར་སྡུག་དེ་རྒྱ་ཆེའི་ལྟད་མོ་བ་ཡོངས་ཀྱི་སྤྱན་ལམ་དུ་བཤམས་པ་རེད། 

ཐེངས་འདིའི་ཛམ་ཐང་ནོར་བུའི་གླིང་གི་སྤྲོ་འཛོམས་ཁྲོད་དུ་ཤེར་བསྟན་དང་གངས་ཅན་པ་སྒྲོལ་མ་སྐྱབས། ཚེ་དབང་ལྷ་མོ་སོགས་བོད་ཁམས་ཡོངས་སུ་སྐད་གྲགས་ཆེ་བའི་གླུ་པ་གླུ་མ་དང་གཞན་ཡང་ས་གནས་རང་གི་འཁྲབ་སྟོན་སྒྱུ་རྩལ་པ་སྐོར་ཞིག་ལྷན་དུ་འཛོམས་ནས་སྙན་མོ་གླུ་དང་བདེ་མོའི་གར། ཁྱད་པར་དུ་རྟ་རྒྱུག་རྒྱལ་འཇོག་སོགས་བལྟས་ན་ཡིད་དབང་འཕྲོག་ཅིང་། ཉན་ན་ཡི་གར་འོང་བའི་གནའ་དེང་ཟུང་འབྲེལ་གྱི་སྟོན་མོ་ཕུན་སུམ་ཚོགས་པ་ཞིག་གྲ་སྒྲིག་བྱས་པས། ཡུལ་དངོས་སུ་ཕེབས་པའི་ལྟད་མོ་བ་དང་དྲ་ལམ་ཐད་གཏོང་ལ་གཟིགས་བཞིན་པའི་གཟིགས་བ་མོ་ཡོངས་ཀྱིས་ཛམ་བྷ་ལའི་དུས་སྟོན་གྱི་མཚར་སྡུག་ལ་མཉམ་རོལ་གནང་བ་རེད། 

བྱེད་སྒོའི་ཡུལ་དངོས་ནས་ད་དུང་ཛམ་ཐང་རྫོང་གིས་ཐོན་ལས་འཕེལ་རྒྱས་དང་རིག་གནས་རྒྱུན་འཛིན། དང་བླངས་ཞབས་ཞུ་སོགས་ཀྱི་ཁྱབ་ཁོངས་ནས་བྱས་རྗེས་བཞག་པའི་སྔོན་ཐོན་མི་སྒེར་དང་ཚོགས་པར་གཟེངས་བསྟོད་གནང་སྟེ། མི་རིགས་སོ་སོའི་བུ་དང་བུ་མོ་རྣམས་ཀྱིས་མཛའ་མཐུན་ལག་གདང་མཉམ་དུ་སྦྲེལ་ནས་དུས་རབས་གསར་པའི་བྱ་གཞག་གསར་དུ་གཏོད་པར་སྐུལ་སློང་དང་། ཛམ་ཐང་རྫོང་གིས་རིག་གནས་ལ་བརྟེན་ནས་རྫོང་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གྲུབ་འབྲས་འགྲེམ་སྟོན་བྱས་པ་རེད། 

ཐེངས་འདིའི་ཛམ་བྷ་ལའི་དུས་སྟོན་ནི་རིག་གནས་ཀྱི་དགྱེས་འཛོམས་ཤིག་ཡིན་པར་མ་ཟད། ཛམ་ཐང་རྫོང་གིས་རིག་གནས་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་སྤུས་མཐོའི་འཕེལ་རྒྱས་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ལག་ལེན་ཞིག་ཀྱང་ཡིན་ལ། སེ་འབྲུའི་ལས་གཞིའི་ལས་བྱེད་པ་དང་མང་ཚོགས་ཀྱི་མཉམ་འབྲེལ་སྤྲོ་ཚོགས་ཀྱི་བྱ་འགུལ་འདི་བརྒྱུད་ནས་ལས་བྱེད་པ་དང་མང་ཚོགས་ཀྱི་སྟོབས་ཤུགས་སྔར་བས་གཅིག་བསྡུས་དང་། རིག་གནས་ལ་བརྟེན་ནས་མི་རིགས་སོ་སོའི་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་ལ་སྐུལ་མ་གཏོང་བ་རེད། 

图片


标题:2025阿坝州壤巴拉节启幕 


  • 顶