བོད་ཀྱི་སློབ་མ་བརྒྱད་ཀྱིས་འཛམ་གླིང་གི་ཨང་དང་པོ་དང་གཉིས་པ་བླངས།

2025-07-29
419

ཟླ་༧ཚེས་༢༡ཉིན། ཧའེ་ནན་སན་ཡཱ་རུ་གཉེར་བའི་འཛམ་གླིང་འཕྲུལ་མིའི་འགྲན་བསྡུར་ཆེན་པོའི་ལེགས་སྐྱེས་འགྲན་བསྡུར་ཐོག་ཏུ་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སློབ་འབྲིང་གི་འཕྲུལ་མི་ཚོགས་པས་སྐད་གྲགས་བཞག་ཅིང་། སློབ་གྲྭ་དེའི་ལོ་རིམ་བདུན་པའི་སློབ་མ་བརྒྱད་ཀྱིས་སྣེ་ཁྲིད་དགེ་རྒན་བསོད་ནམས་ཆོས་འཕེལ་དང་མཛུབ་ཁྲིད་དགེ་རྒན་མིག་དམར་ལྷ་མོའི་སྒྲིག་འཛུགས་ཞིབ་ཚགས་དང་ཆེད་ལས་ཀྱི་མཛུབ་ཁྲིད་འོག་ནས། ལག་རྩལ་གྱི་རྨང་གཞི་བཟང་པོ་དང་འགྲན་བསྡུར་ནང་དུ་རྩལ་ནུས་ཡག་པོ་ངོམས་ནས། དམའ་འབྲིང་ཚོགས་ཆུང་གི་བྱ་དགའ་ཨང་དང་པོ་དང་ཨང་གཉིས་པ་བླངས་འདུག

图片
图片

བྱ་དགའ་ཨང་དང་པོ་ཐོབ་པའི་རུ་ཁག

དབང་ཆེན་ཚེ་རིང་། བློ་བཟང་ཚེ་རིང་། ལྷག་པ་དོན་གྲུབ། ལྷག་པ་ཚེ་རིང་།

图片

བྱ་དགའ་ཨང་གཉིས་པ་ཐོབ་པའི་རུ་ཁག

ཟླ་བ་བསམ་གྲུབ། བསྟན་འཛིན་བསམ་གྲུབ། དཀོན་མཆོག་འཇམ་དབྱངས། བསོད་ནམས་གྲགས་པ།

图片
图片
图片

  • 顶