ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱར་གཞུང་གི་བོད་ལྗོངས་ཀྱི་ནམ་མཁའ་གཡའ་དག་པ་དང་གང་སར་ལྟ་ན་སྡུག་པའི་མཛེས་ལྗོངས་ཀྱིས་ཁེངས་ཡོད་པས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། ས་བབ་མཐོ་ཚད་སྨི4700མཚམས་སུ་ཡོད་པའི་གནམ་མཚོའི་འགྲམ་རྒྱུད་དུ་བོད་རིགས་ན་གཞོན་སྲི་རྒྱལ་གྱིས་ཡུལ་སྐོར་བར་དྲན་རྟེན་འདྲ་པར་རྒྱག་བཞིན་ཡོད།
སྲི་རྒྱལ་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གནམ་མཚོ་གྲོང་ཚོའི་གྲོང་མི་ཞིག་ཡིན་ལ། སློབ་ཆེན་མཐར་ཕྱིན་རྗེས་ཕ་ཡུལ་དུ་ལོག་ནས་ལས་ཀར་ཞུགས་པ་དང་ཟླ་རེའི་ཡོང་འབབ་སྒོར9000ཡོད། “སྒོ་རྩར་ལས་ཞུགས་བྱས་ན་ཁྱིམ་མིར་ལྟ་སྐྱོང་ཐུབ་པ་མ་ཟད། ཕ་ཡུལ་འཕེལ་རྒྱས་ཐད་ཀྱང་རང་ནུས་འདོན་ཐུབ”ཅེས་དགའ་སྤྲོའི་ངང་བཤད།
གནམ་མཚོའི་མཛེས་ལྗོངས་ཁུལ་དུ་སྲི་རྒྱལ་ལྟ་བུའི་རང་ས་གནས་ཀྱི་ལས་བཟོ་བ་མང་པོ་ཡོད། ས་གནས་སྲིད་གཞུང་གིས་ཆེད་ལས་གསོ་སྦྱོང་མཁོ་འདོན་བྱས་ནས་ཁོང་ཚོའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་བཏང་ཡོད་པ་དང་། ཁོང་ཚོ་གནམ་མཚོའི“མགྲིན་ཚབ་པར”གྱུར་བར་རོགས་རམ་བྱས་ཡོད།

འདི་ནི་ཟླ7པའི་ཚེས16ཉིན་པར་བླངས་པའི་གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་རྣམ་པ་རེད།

པར་འདི་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པས་གསའ་ཕུ་གངས་རིའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བར་ཞབས་བྲོ་འཁྲབ་སྟོན་བྱེད་པའི་རྣམ་པ་རེད།
གསའ་ཕུ་གངས་རིའི་འགན་འཁུར་བ་བསྟན་འཛིན་དར་རྒྱས་ནི་ས་སྐྱེས་རྡོ་སྐྱེས་ཀྱི་འབྲི་རུ་རྫོང་གི་མི་ཞིག་ཡིན་ལ། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ནས་མཐར་ཕྱིན་རྗེས་ཁོ་རང་ཕྱིར་ཕ་ཡུལ་དུ་ལོག་ནས་འགྲེལ་བཤད་མཁན་གྱི་བྱ་བ་གཉེར་བ་རེད།“ཕ་ཡུལ་གྱི་གཏམ་རྒྱུད་མི་སྔར་ལས་མང་པོར་བཤད་ཐུབ་ན་རང་སེམས་སུ་གྲུབ་འབྲས་ཐོབ་སྣང་ཆེན་པོ་འདུག”ཅེས་བསྟན་འཛིན་དར་རྒྱས་ཀྱིས་བཤད།

འདི་ནི་ཟླ7པའི་ཚེས19ཉིན་པར་བླངས་པའི་གསའ་ཕུ་གངས་རི་རེད།
ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཡུལ་སྐོར་ཐོན་ལས་ཀྱི་སྲིད་ཇུས་རོགས་སྐྱོར་དང་ཚོང་རྟགས་བཏོད་པ་སོགས་བྱེད་ཐབས་བརྒྱུད་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་། གཞི་གྲངས་ལས་མངོན་པ་ལྟར་ན། 2025ལོའི་ཟླ1པོ་ནས6པའི་བར་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི3128.48སྣེ་ལེན་བྱས་པ་དང་དུས་མཉམ་ལས11.67%འཕར་ཡོད། དེའི་ནང་བོད་ལྗོངས་སུ་འཛུལ་བའི་ཡུལ་སྐོར་བ་མི་ཐེངས་ཁྲི19.64ཟིན་ནས་དུས་མཉམ་ལས31.2%འཕར་ཡོད་པ་དང་། རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི3108.84སྣེ་ལེན་བྱས་ནས་དུས་མཉམ་ལས11.57%འཕར་ཡོད། རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར77.24ལས་བརྒལ་ནས་དུས་མཉམ་ལས21.2%འཕར་བ། རིགས་ཁག་གི་རིག་གནས་བྱ་འགུལ་ཐེངས་ཁྲི5.3ལས་བརྒལ་ཡོད།
གནམ་མཚོ་ནས་གསའ་ཕུ་གངས་རི་དང་། ཕོ་བྲང་པོ་ཏ་ལ་ནས་ལྷ་ལྡན་གཙུག་ལག་ཁང་བར་བོད་ལྗོངས་ཀྱིས་བརྗིད་ཆགས་ཡིད་འོང་གི་རང་བྱུང་ཐོན་ཁུངས་དང་ཐུན་མོང་མ་ཡིན་པའི་མི་ཆོས་རིག་གནས་ལ་བརྟེན་ནས་འཛམ་གླིང་གི་ཡུལ་སྐོར་བ་རྒྱུན་ཆད་མེད་པར་ཡོང་བའི་ཡིད་དབང་འཕྲོག་ཡོད། བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ནས་རོང་འབྲོག་པ་སྔར་ལས་མང་པོ་དེའི་ནང་ཞུགས་ཏེ། བོད་ལྗོངས་ཀྱི་ཕུལ་བྱུང་རིག་གནས་དང་མགྲོན་འབོད་སྣེ་ལེན་ལ་སེམས་རྩ་འཁོལ་པོའི་ཡུལ་སྲོལ་གོམས་གཤིས་འགྲེམ་སྟོན་བྱས་ནས་སྒོ་རྩར་ལས་ཞུགས་འབབ་འཕར་བྱུང་བ་དང་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་ཐུབ་ཡོད། །
འཕྲིན་སྟེགས། weikangba