མཚོ་སྔོན་ཞིང་ཆེན་གྱི“བསིལ་རླུང་འགུལ་སྐྱོད2024”དངོས་སུ་མགོ་ཚུགས་པ།

2024-04-16
424

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།“མཚོ་སྔོན་ཞིང་ཆེན་གྱིས་རྩ་འཛུགས་ཞིབ་ཚགས་བྱས་ནས་མཉམ་འབྲེལ་བྱ་འགུལ་ནན་ཏན་སྒོས་སྤེལ་བ་དང་སྡེ་ཁག་གི་ཁྲིམས་འཛིན་གྱི་སྟོབས་ཤུགས་འདོན་སྤེལ་བྱས་པ་བརྒྱུད། ཆེད་དོན་བྱ་འགུལ་མི་སེམས་ལ་ཟུག་པ་དང་དམངས་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཇེ་ཟབ་ཏུ་བཏང་ཞིང་། ཞིབ་བཤེར་མཛུབ་ཁྲིད་ལ་ཤུགས་བསྣན་ནས“བསིལ་རླུང་འགུལ་སྐྱོད2024”ཡི་ལས་འགན་སོ་སོ་ནུས་ཤུགས་ཡོད་རྒུས་ལེགས་འགྲུབ་བྱ་རྒྱུ་ཡིན”ཞེས་ཟླ4པའི་ཚེས10ཉིན་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲང་ཡུས་ཀྱིས་དེ་ལྟར་བཤད།

ཟླ4པའི་ཚེས10ཉིན་མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་ངང་ཉོ་ཚོང་ལ་རྡུང་རྡེག་བྱེད་པའི་མཉམ་འབྲེལ་གྲོས་ཚོགས་གཞུང་དོན་ཁང་གིས་རྒྱལ་ཁབ་ནགས་རྩྭ་ཅུའུ་དང་ཞིང་ལས་གྲོང་གསེབ་པུའུ་སོགས་པུའུ་ཨུ་བཅུ་གཅིག་གི་བཀོད་སྒྲིག་ལྟར། ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་སྣེ་ཁྲིད་དེ་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་དང་ཞིང་ཆེན་སྲིད་ཁྲིམས་ཨུ་ལྷན། ཞིང་ཆེན་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་། ཞིང་ཆེན་སྤྱི་བདེ་ཐིང་། ཟི་ལིང་འགག་སྒོ ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ། དམངས་སྤྱོད་མཁའ་འགྲུལ་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་སྦྲག་སྲིད་དོ་དམ་ཅུའུ་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ནས། དུས་ཡུན་ཉིན81རིང་གི་ཚབ་རྟགས་ལ“བསིལ་རླུང་འགུལ་སྐྱོད2024”ཞེས་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྒོར་རྡུང་རྡེག་གཏོང་བའི་མཉམ་འབྲེལ་བྱ་འགུལ་སྤེལ།

རྒྱུས་ལོན་པ་ལྟར་ན། མཉམ་འབྲེལ་བྱ་འགུལ་ནང་སྡེ་ཁག་སོ་སོའི་འགན་འཁྲི་ལས་བགོས་སྔར་ལས་ཁ་གསལ་བཟོས་པ་དང་སྡེ་ཁག་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས་ཁྲིམས་འཛིན་གྱི་མཉམ་ལས་སྟོབས་ཤུགས་ཆགས་ཡོད་པ་དང་། འཐབ་ཕྱོགས་དང་པོའི་ཁྲིམས་འཛིན་མི་སྣ་རྩ་འཛུགས་བྱས་ནས་ཁྲིམས་འགལ་གྱིས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་། དེའི་ཐོན་རྫས་འཛིན་བཟུང་བྱེད་པ་དང་། མི་ཐབས་ལ་བརྟེན་ནས་གསོ་སྤེལ་བྱེད་པ། ཕྱིར་ཚོང་བྱེད་པ། ཉོ་སྒྲུབ་དང་བེད་སྤྱོད། ཁ་ཟས། སྐྱེལ་འདྲེན། ཕྱིར་གཏོང་ནང་འདྲེན་བཅས་ཀྱི་བྱེད་སྒོར་རྡུང་རྡེག་གཏོང་རྒྱུ་དང་། དྲ་རྒྱའི་སྟེགས་བུ་དང་དྲ་ཐོག་ཚོང་ཁང་གི་གོ་རིམ་མང་པོ་དང་། འབྲེལ་ཐག་ཡོངས་རྫོགས། ཤུལ་ལམ་མེད་པ་བཅས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུ་ཡིན། ཁྲིམས་འགལ་ཉེས་གསོག་བྱ་འགུལ་གཙོ་གནད་དུ་རྡུང་རྡེག་གཏོང་རྒྱུ་དང་བཅོས་སྒྲིག་བྱ་ཡུལ་ས་ཁོངས་གཏན་འཁེལ་བྱས་ཏེ། ཁྲིམས་འགལ་བྱ་འགུལ་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་མོ་བྱ་རྒྱུ་རེད།

གཞན་ཡང་རྣམ་པ་མང་བ་དང་ཐབས་ལམ་སྣ་ཚོགས་བརྒྱུད་སྤྱི་དམངས་ཀྱིས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱ་འགུལ་ལ་ཐེར་འདོན་དང་བཀག་འགོག་བཅས་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་པ་དང་། མཉམ་འབྲེལ་བྱ་འགུལ་གྱི་ཁོངས་མིའི་སྡེ་ཁག10ཡིས་མཉམ་འབྲེལ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཙུགས་ནས་ས་གནས་སོ་སོའི་གནས་ཚུལ་ལ་མཛུབ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད།  །  


  • 顶