མཛད་སྒོ་སྤེལ་ས་ནི་ཁྲེང་ཏུའི་ཡལ་འདབ་ཅེས་བསྔགས་པའི་མཚོན་བྱེད་རང་བཞིན་གྱི་འཛུགས་སྐྲུན་བཀོད་པའི་མདུན་དུ་རེད། གནས་འདི་ན། རང་བྱུང་མཚེའུ་དང་སྔོ་ལྗང་སྤང་ཐང་གིས་མཐའ་ནས་བསྐོར་ཞིང་། མཛེས་པའི་མཚམས་སྤྲིན་དང་ནམ་མཁའི་སྐར་ཚོགས་ཀྱིས་ཡོངས་སུ་རྒྱན་ནས། ཡོད་ཚད་ཁྲེང་ཏུའུ་སྤྱི་གླིང་གྲོང་ཁྱེར་འདིའི་མཚར་སྡུག་དང་ཟུང་དུ་འབྲེལ་བས། ཀྲུང་གོ་དང་ཁྲེང་ཏུའུ་ཡི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོངས་སུ་མངོན། འགོ་ཚུགས་མཛད་སྒོའི་ཐོག་ལུས་རྩལ་ལ་རྫོགས་ཐབས་མེད། མཚར་སྡུག་གི་རྣམ་པས་ཁེངས་ཞེས་པ་བརྗོད་དོན་གཙོ་བོ་བྱེད་པ་དང་། འགོ་ཚུགས་མཛད་སྒོ་ཡོངས་ལ་སྐར་མ་དགུ་བཅུ་ཡོད་ལ། དེའི་ནང་རིག་གནས་དང་ལུས་རྩལ་སྐོར་གྱི་འཁྲབ་སྟོན་ལ་སྐར་མ་བཅོ་ལྔ་ཡོད་པས། འཛམ་གླིང་ཡོངས་ཀྱི་ལྟད་མོ་བ་ཚོར་མིག་གི་དགའ་སྟོན་ཕུན་སུམ་ཚོགས་པ་ཞིག་གཤོམ་རྒྱུ་རེད། ད་ང་ཚོས་མཉམ་དུ་རིག་གནས་ལུས་རྩལ་གྱི་དགྱེས་འཛོམས་འདི་ལ་རེ་སྒུག་དང་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཉམས་སུ་མྱོང་།