
ས་དེའི་དུས་ཚོད་ཟླ10པའི་ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཐ་ཧྲི་ཀན་དུ་ཝུའུ་ཙི་པེ་ཁི་སི་ཐན་གྱི་སྲིད་འཛིན་མུས་འར་ཅི་ཡུའེ་ཡེ་ཧྥུའུ་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་ཟླ10པའི་ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཐ་ཧྲི་ཀན་དུ་ཝུའུ་ཙི་པེ་ཁི་སི་ཐན་གྱི་སྲིད་འཛིན་མུས་འར་ཅི་ཡུའེ་ཡེ་ཧྥུའུ་ལ་ཐུག་འཕྲད་གནང་།
ལི་ཆང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་མུས་འར་ཅི་ཡུའེ་ཡེ་ཧྥུའུ་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་ཝུའུ་ལས་དབང་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་དང་འཐབ་ཇུས་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་པ་དང་། ཕྱོགས་གཉིས་ཀྱི་ལྟེ་བའི་ཁེ་ཕན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། དཔལ་འབྱོར་ཉོ་ཚོང་དང་། ནུས་ཁུངས། ཕན་ཚུན་སྦྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་བའི་བདེ་སྐྱིད་བསྐྲུན་འདོད། ཕྱོགས་གཉིས་ཀྱིས་གནད་དོན་གལ་ཆེན་ཐད་ཀྱི་ལངས་ཕྱོགས་མཐུན་སྦྱོར་ལ་ཤུགས་སྣོན་དགོས་པ་དང་། ཀྲུང་གོ་དང་ཡ་གླིང་དབུས་རྒྱུད་ཀྱི་རྐྱེན་སྲོལ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཀྱི་ཕྱོགས་མང་ལས་སྟེགས་སུ་མཐུན་སྦྱོར་མང་པོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་དགོས།
མུས་འར་ཅི་ཡུའེ་ཡེ་ཧྥུའུ་ཡིས་བསྟན་དོན། དེང་སྐབས་ཝུའུ་ཀྲུང་བར་གྱི་འབྲེལ་བ་དེ་འཕེལ་རྒྱས་ཀྱི་དུས་སྐབས་སུ་སླེབས་ཡོད། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ཀྱིས་དམ་སྲུང་བྱེད་ཀྱིན་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གྲོས་འགོ་ཆེན་པོ་བཞི་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པས། ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་བསྣན་ཏེ། ཝུའུ་ཀྲུང་གི་དུས་རབས་གསར་པའི་རྣམ་ཀུན་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་གསར་པ་འཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཝུའུ་ཀྲིན་ལུང་གོང་གསལ་བྱེད་སྒོར་ཞུགས་པ་རེད། །