ལི་ཆང་ཐ་ཧྲི་ཀན་དུ་འབྱོར་ནས་ཝུའུ་ཙི་པེ་ཁི་སི་ཐན་ལ་དངོས་གཞིའི་འཚམས་འདྲི་གནང་བ།

2026-10-19
202

ས་དེའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ལི་ཨ་ལི་པོ་ཧྥུ་ཡིས་གདན་ཞུ་ལྟར། ཆེད་བཏང་གནམ་གྲུར་བཞུགས་ཏེ་ཝུའུ་ཙི་པེ་ཁི་སི་ཐན་ལ་འབྱོར་ནས་དངོས་གཞིའི་འཚམས་འདྲི་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ལི་ཨ་ལི་པོ་ཧྥུ་ཡིས་གདན་ཞུ་ལྟར། ཆེད་བཏང་གནམ་གྲུར་བཞུགས་ཏེ་ཝུའུ་ཙི་པེ་ཁི་སི་ཐན་ལ་འབྱོར་ནས་དངོས་གཞིའི་འཚམས་འདྲི་གནང་།

ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ལི་ཨ་ལི་པོ་ཧྥུ་ཡིས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཁྲིད་དེ་གནམ་གྲུ་ཐང་དུ་བསུ་མར་ཡོང་།

རྒྱལ་སྲིད་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་ཝུའུ་ཀྲིན་ལུང་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ཏུ་བསྡད་དེ་འབྱོར་བ་དང་། ཝུའུ་ཙི་པེ་ཁི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཡུས་ཅོན་ཡང་གནམ་གྲུ་ཐང་དུ་བསུ་མར་ཡོང་།

ཝུའུ་ཙི་པེ་ཁི་ས་ཐན་ཕྱོགས་ཀྱིས་གནམ་གྲུ་ཐང་དུ་ཙུང་ལི་ལི་ཆང་ལ་དགའ་བསུའི་མཛད་སྒོ་བསྡུས།

དམག་དཔུང་རོལ་ཆའི་རུ་ཁག་གིས་ཝུའུ་ཙི་པེ་ཁི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ།

ལི་ཆང་གིས་ཨ་ལི་པོ་ཧྥུའུ་ཡི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབགནང་།

ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་བར་གྱི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་རིང་ཞིང་། རྒྱལ་ཁབ་གཉིས་ནི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ། སྤུན་ཟླ་བཟང་པོ་བཅས་ཡིན། འབྲེལ་བ་བཙུགས་ནས་ལོ34ཡི་རིང་། རྒྱལ་སྤྱིའི་འགྱུར་ལྡོག་ཅི་འདྲ་རྒོད་རུང་། རྒྱལ་ཁབ་གཉིས་བར་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་ལྟ་སྟངས་བཟུང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་བསྟུད་མུར་འཕེལ་རྒྱས་སུ་ཕྱིན་ནས། གསོན་ཤུགས་གསར་པ་རྒྱུན་ཆད་མེད་པར་མངོན། ལྷག་པར་དུ་ལོ་འདི་འགར། ཕྱོགས་གཉིས་ཀྱིས་ལག་གདང་སྦྲེལ་ཏེ་འབད་བརྩོན་བྱས་འོག ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་བར་གྱི་ཆབ་སྲིད་ཕན་ཚུན་ཡིད་རྟོན་སྔར་ལས་ཇེ་བརྟན་དུ་གྱུར་ཏེ། མི་རབས་རེ་རེ་ཡི་མཛའ་མཐུན་མི་སེམས་སུ་འཇགས་ནས་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ངེས་པ་དོན་གྱིས་ཕན་ཐོགས་ཡོད།

ལི་ཆང་གིས་བསྟན་དོན། སྔོན་ཏག་ཏག་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་མུས་འར་ཅི་ཡུའེ་ཡེ་ཧྥུའུ་ཡིས་པིས་ཧྲི་ཁའེ་ཁི་རུ་ཞལ་འཛོམས་གྲོས་མོལ་གནང་བ་དང་། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་ལྟ་ཚུལ་གཅིག་མཐུན་གལ་ཆེན་བྱུང་། ཀྲུང་གོའི་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ལྟ་ཚུལ་གཅིག་མཐུན་དེ་གྲུབ་འབྲས་དངོས་སྔར་ལས་མང་པོར་བསྒྱུར་ནས། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། །


  • 顶