
ཟླ10པའི་ཚེས13ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་པེ་ཅིང་དུ་ཆིན་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འཐུས་མིར་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་ཚེས13ཉིན་པེ་ཅིང་དུ་ཆིན་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འཐུས་མིར་ཐུག་འཕྲད་གནང་།
ཏིང་ཞུའེ་ཞང་གིས་མི་ཐབས་རིག་ནུས་འཕེལ་རྒྱས་དང་བཅོས་སྐྱོང་ལ་གཙོ་བོར་དམིགས་ནས་ཨུ་ཡོན་རྣམ་པ་དང་དགོངས་འཆར་བརྗེ་རེས་མཛད། ཁོང་གིས་བསྟན་དོན། མི་ཐབས་རིག་ནུས་ནི་རེས་སྐོར་གསར་པའི་ལག་རྩལ་གསར་བརྗེ་དང་ཐོན་ལས་གསར་སྒྱུར་ལ་སྣེ་ཁྲིད་བྱེད་པའི་འགག་རྩའི་སྟོབས་ཤུགས་ཤིག་ཡིན་པས། འབྱུང་འགྱུར་གཏོད་པའི་ལག་རྩལ་འདི་འཕེལ་རྒྱས་ཡག་པོ་དང་བེད་སྤྱོད་ཡག་པོ། བཅོས་སྐྱོང་ཡག་པོ་བཅས་བྱས་ནས། མིའི་རིགས་ཡོངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་དགོས། ཚང་མས་འཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་འཛུགས་སྐྱོང་ལ་རྒྱབ་སྐྱོར་དང་ཟབ་ཞུགས་བྱས་ཏེ། ཐུན་མོང་ཐོག་དར་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བ་དང་ཐུན་མོང་ཐོག་བདེ་འཇགས་སྲུང་སྐྱོང་བྱ་རྒྱུར་དགའ་བསུ་ཞུས་པ་ཡིན། བློ་འདྲི་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ26འཁོར་བའི་རིང་། ཀྲུང་ཕྱི་སྤེལ་རེས་མཉམ་ལས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། ཨུ་ཡོན་ཚོས་ཀྲུང་གོའི་སློབ་གསོའི་བྱ་གཞག་དང་དཔལ་འབྱོར་འཕེལ་རྒྱས་ཐད་བྱས་རྗེས་སྔར་ལས་མང་པོ་འབུལ་རྒྱུའི་རེ་བ་ཡོད།
བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁུའུ་ཁི་སོགས་ཀྱིས་ཀྲུང་གོའི་མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་གྲུབ་འབྲས་ལ་བསྔགས་བརྗོད་བྱས་ཤིང་། མུ་མཐུད་དུ་ཀྲུང་གོར་ཟབ་ཞུགས་དང་མཉམ་ལས་རྒྱ་ཆེར་བསྐྱེད་དེ། སྦྲེལ་ཟམ་དང་སྦྲེལ་ཐག་གི་ནུས་པ་སྔར་ལས་ལེགས་པོ་འདོན་སྤེལ་བྱེད་འདོད་ཡོད་པ་བསྟན། །
འཕྲིན་སྟེགས། weikangba