ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས13ཉིན། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་དང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་ཡིག་ཆ་ཞིབ་འཇུག་གླིང་། ཞིན་ཧྭ་གསར་འགྱུར་ཁང་། ཅང་ཞི་ཞིང་ཆེན་ཨུ་ལྷན་གྱི་དྲ་འཕྲིན་གཞུང་ལས་ཁང་བཅས་ཀྱིས་མཉམ་དུ་སྤེལ་བའི"སྐར་དམར་གྱིས་ཀྲུང་གོ་གསལ་བར་བྱེད། རྒྱང་སྐྱོད་གསར་པ་ཡང་བསྐྱར་མགོ་བརྩམས་པ"ཞེས་པའི་དྲ་རྒྱའི་བརྗོད་དོན་གྱི་དྲིལ་བསྒྲགས་བྱེད་སྒོ་དེ་ཅང་ཞི་ཡུའུ་ཏུའུ་རྫོང་དུ་སྤེལ་བ་རེད།
ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རེན། རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲོང་རོང་ཝུན། ཀྲུང་དབྱང་ཏང་གི་ལོ་རྒྱུས་ཡིག་ཆ་ཞིབ་འཇུག་གླིང་གི་ཡོན་ཆུའུ་ཆིང་ཧྲན། ཅང་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་ཞི་དབྱིན་ཧུང་། ཞིན་ཧྭ་གསར་འགྱུར་ཁང་གི་ཧྲེ་ཀྲང་གཞོན་པ་དང་ཏང་ཙུའུ་ཁོངས་མི་ལིའུ་ཅན་སོགས་བྱེད་སྒོར་ཞུགས་ནས་གསུང་བཤད་གནང་། ཅང་ཞི་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལུའུ་ཞའོ་ཆིན་གྱིས་བྱེད་སྒོའི་སྲིད་དོན་གོ་རིམ་ལ་མགོ་འཛིན་བྱས།
བྱེད་སྒོ་དེར 《སྙན་ངག་བདུན་ཚིག་རྐང་བརྒྱད་མ། རྒྱང་སྐྱོད》ཅེས་པ་འཁྲབ་སྟོན་བྱས་ཤིང་། དམར་དམག་སྔོན་གཤེགས་དཔའ་བོའི་རྗེས་རབས་པ་དང་། གསར་བརྗེའི་སྒྲོག་འགྲེལ་པ། རིག་རྩལ་ལས་དོན་པ་སོགས་ཀྱིས་མཐོང་ཐུབ་པར་མཚོན་པ་དང་། གཏམ་རྒྱུད་ལྟར་བརྗོད་པ། ཉམས་ལེན་རྣམ་པས་འཁྲབ་སྟོན། ཕན་ཚུན་འབྲེལ་འདྲིས་བྱེད་སྟངས་བརྒྱུད་དེ། དམར་དམག་གིས་རྒྱང་བསྐྱོད་དཀའ་སྡུག་ཆེན་པོ་མྱོང་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བཤད་པ་དང་། གསར་བརྗེ་ཕུགས་བསམ་གནམ་ལས་མཐོ་བའི་དད་སེམས་སྟོབས་ཤུགས་མངོན་པར་བྱས། རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་བ་དང་། ཚན་རིག་ལག་རྩལ་ལས་དོན་པ། མིང་ཀུའུ་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་གྱི་འཐུས་མི། གཞོན་ནུ་སློབ་མ་དེ་བཞིན་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་ཚབ་སོགས། རང་རང་སོ་སོའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ། རླབས་ཆེན་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་བ་དང་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ལེགས་པར་བགྲོད་པའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་མཉམ་སྤྱོད་བྱས།
ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་དང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་ཡིག་ཆ་ཞིབ་འཇུག་གླིང་། ཞིན་ཧྭ་གསར་འགྱུར་ཁང་སོགས་སྡེ་ཚན་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་དང་། ཀྲུང་དབྱང་གསར་འགྱུར་ལས་ཁུངས་ཆེ་གྲས། ཀྲུང་དབྱང་གི་གསར་འགྱུར་དྲ་བ་གལ་ཆེན། འབྲེལ་ཡོད་གྲོང་ཁྱེར་དང་ཞིང་ཆེན་རིམ་པའི་དྲ་འཕྲིན་གཞུང་ལས་ཁང་གི་འགན་འཁུར་བློ་མཐུན། ཅང་ཞི་ཞིང་ཆེན་དང་ཀན་ཀྲོའུ་གྲོང་ཁྱེར། ཡུའུ་ཏུའུ་རྫོང་བཅས་ཀྱི་སྡེ་ཁག་གལ་ཆེན་གྱི་འགན་འཁུར་བློ་མཐུན། ཚོང་ལས་དྲ་ཚིགས་སྟེགས་བུ་གཙོ་བོ་དག་གི་འགན་ཁུར་བ་དང་། སྨྱན་སྦྱོར་གསར་འགོད་པ་དང་དྲ་ཐོག་མི་སྣ་གྲགས་ཅན་གྱི་འཐུས་ཚབ་སོགས་བྱེད་སྒོར་ཞུགས་པ་རེད། །
འཕྲིན་སྟེགས། weikangba