ཧོ་ལི་ཧྥེང་གིས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ་ལ་ཐུག་འཕྲད་གནང་བ།

2026-10-15
442

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥེང་གིས་ཚེས12ཉིན་ཏིའོ་ཡུས་ཐའེ་རྒྱལ་ཁབ་མགྲོན་ཁང་དུ་ཨ་རི་དང་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ལས་འཛིན་ལྷན་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་ཀེ་ལིན་པོ་ཀོ་འཁོར་དང་བཅས་པར་ཐུག་འཕྲད་གནང་སྐབས་བསྟན་དོན། ཉེ་སྔོན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་བ་དང་། ཕྱོགས་གཉིས་ཀྱིས"བརྩི་འཇོག་དང་དྲང་གཞག འདྲ་མཉམ་བཅས་གཞིར་བཟུང་ནས་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་བརླིང་ཡོང་རྒྱུའི"ཐད་ངོས་འཛིན་གཅིག་མཐུན་བྱུང་བ་ཁས་ལེན་བྱས་པ་ཡིན། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་ཀས་མཉམ་དུ་མགོ་ཁྲིད་རྣམ་གཉིས་བར་གྱི་གྲོས་མཐུན་གལ་ཆེན་རྣམས་ལག་བསྟར་བྱེད་དགོས་པ་དང་། དཔལ་འབྱོར་ཚོང་དོན་མཉམ་ལས་དང་འཛམ་གླིང་དཔལ་འབྱོར་ཁྲོད་ངེས་གཏན་རང་བཞིན་དང་བརྟན་བརླིང་སྔར་ལས་མང་བ་སྣོན་དགོས། རེ་བར་ཨ་རི་དང་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་མཉམ་ལས་སྐུལ་འདེད་གཏོང་རྒྱུར་ནུས་པ་བཟང་པོ་འདོན་སྤེལ་བྱེད་དགོས།

ཨ་རིས་བསྟན་དོན། ཨ་རི་དང་ཀྲུང་གོའི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པ་མ་ཟད། མུ་མཐུད་ཟམ་པ་ལྟ་བུའི་ནུས་པ་བཏོན་ཏེ། ཕྱོགས་གཉིས་ཀྱི་དཔལ་འབྱོར་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད། །


  • 顶