ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ10པའི་ཚེས13ཉིན་ཞིང་ལས་གྲོང་གསེབ་པུའུ་ནས་ཤེས་གསལ་ལྟར་ན། 2025ལོར། རྒྱལ་ཡོངས་ཞིང་རའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཐེངས་དང་པོར་སྒོར་ཁྲི་དུང་ཕྱུར1ལས་བརྒལ་བ་སྟེ། སྒོར་ཁྲི10376.7ལ་སླེབས་ཡོད། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་རྒྱ་མ་དུང་ཕྱུར844ཟིན་པས། ལོ2བསྟུད་མར་རྒྱ་མ་དུང་ཕྱུར800ལ་སླེབས་ཡོད།
ཞིང་ལས་གྲོང་གསེབ་པུའུ་ཡིས་ཟླ10པའི་ཚེས13ཉིན་ཅང་ཞི་ཞིང་ཆེན་རུའེ་ཁྲང་གྲོང་ཁྱེར་དུ་རྒྱལ་ཡོངས་ཞིང་རས་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལས་དོན་ཚོགས་འདུ་འཚོགས་ཏེ། "ལོ་ལྔའི་འཆར་འགོད་བཅུ་བཞི་པའི"རིང་གི་ཞིང་རར་ཞིང་ལས་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་རྒྱུའི་བཀོད་སྒྲིག་བྱས།
ཚོགས་འདུའི་སྟེང་བསྟན་དོན།"ལོ་ལྔའི་འཆར་འགོད་བཅུ་བཞི་པའི"དུས་སུ། འབྲེལ་ཡོད་ཚན་པ་སོ་སོས་དེང་རབས་ཅན་གྱི་ཞིང་ལས་ཆེན་པོ་འཕེལ་རྒྱས་གཏོང་བ་དེ་དམིགས་ཡུལ་གཙོ་བོར་འཛིན་པ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་ནུས་ལྡན་བྱེད་པའི་ལས་འགན་ལྟེ་བར་བཟུང་སྟེ། སྒྲིག་ཆས་སྟོབས་ཆེན་དུ་གཏོང་བ་དང་། ཚན་རྩལ་དར་སྤེལ། ལས་རིགས་སྟོབས་ལྡན་བཟོ་བ། གཉེར་སྐྱོང་ལེགས་བཅོས་བཅས་བྱས་ཏེ། ཐོན་ཁུངས་རྒྱུ་ནོར་མཉམ་སྒྲིལ་དང་རིམ་པ་སྤོར་རྒྱུར་སྐུལ་འདེད་བཏང་ནས། ནང་སྐྱེས་སྒུལ་ཤུགས་དང་། གོང་འཕེལ་གསོན་ཤུགས། སྤྱི་ཡོངས་སྟོབས་ཤུགས་བཅས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། ཞིང་རས་ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་ཁྲོད་རྐང་འཛིན་སྣེ་ཁྲིད་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས། །
འཕྲིན་སྟེགས། weikangba