མི་དམངས་ལྟེ་བར་བྱས་ནས་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་བཏང་།

2026-10-15
380

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱ་རྒྱུ་དེ་སྔར་ལས་མངོན་གསལ་དོད་པའི་གནས་བབ་སྟེང་བཞག་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ཏེ། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་མཐོ་ཚད་ནས་“བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་”ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱས་ནས། རང་རྒྱལ་གྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་ཁྲིད་སྟོན་བྱས་ཏེ། མི་རིགས་བསྐྱར་དར་གྱི་གཟི་བརྗིད་ལྡན་པའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་བདེ་ཐང་གི་རྨང་གཞི་བཏིང་།

ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པའི་གཞི་གྲངས་སྐོར་ཞིག་གིས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཟིན་ཐོར་བཀོད་ཡོད། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ས་ཡ་གཅིག་དང་བྱེ་བ་གཅིག་ལྷག་དང་སྨན་བཅོས་འཕྲོད་བསྟེན་ལས་སྒྲུབ་མི་སྣ་བྱེ་བ་གཅིག་དང་ས་ཡ་དྲུག་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་ཡོད་པ་དང་། 90%ལས་བརྒལ་བའི་སྡོད་དམངས་སྐར་མ་བཅོ་ལྔའི་ནང་ཐག་ཉེ་བའི་སྨན་བཅོས་ཞབས་ཞུའི་ས་ཚིགས་སུ་སླེབས་ཐུབ། སྨན་བཅོས་ཞབས་ཞུ་དང་། སྲོལ་རྒྱུན་གྱི་སྨན་རྫས་དང་སྨན་བཅོས། ནད་རིགས་སྔོན་འགོག་ཚོད་འཛིན། སྨན་བཅོས་འགན་སྲུང་བཅས་མ་ལག་ཆེན་པོ་བཞི་ལ་འཛམ་གླིང་སྟེང་གཞི་ཁྱོན་ཆེས་ཆེ་བའི་མི་དམངས་ཀྱི་བདེ་ཐང་འགན་སྲུང་དྲ་བ་བཙུགས་ཡོད། 2025ལོར། རང་རྒྱལ་གྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ79.25ལ་སླེབས་པ་དང་། བདེ་ཐང་གི་དམིགས་ཚད་གཙོ་བོ་དེ་ཡོང་འབབ་འབྲིང་མཐོ་དང་མི་འབོར་དུང་ཕྱུར་ལས་བརྒལ་བའི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་ཚུད་ཡོད།

མི་འབོར་གཞི་ཁྱོན་ཆེན་པོ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་ཁྱད། རྒན་རྒོན་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་འགྲོ་བ་སོགས་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གདོང་གཏད་ནས། མི་དམངས་ཀྱི་བདེ་ཐང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟག་ཏུ་ཐུགས་ཁྲལ་གནང་ཡུལ་གཙོ་བོ་ཞིག་ཡིན། གཞི་རིམ་མང་ཚོགས་ཀྱི་སྨན་བཅོས་དཀའ་གནད་སེལ་ཆེད། སྤྱི་ཁྱབ་ཧྲུའུ་ཅིས་བརྟག་དཔྱད་ཞིབ་འཇུག་གི་ཞབས་རྗེས་འབྲི་ཆུའི་ལྷོ་བྱང་རྒྱུད་དུ་བཀོད་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པར་ཐོག་མར་འཕྲོད་བསྟེན་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་བཏོན་པ་ནས། 2016ལོར་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ཐོག་ཏུ་གཞི་རིམ་གཙོ་གནད་དུ་འཛིན་པ་དང་། བཅོས་བསྒྱུར་གསར་གཏོད་སྒུལ་ཤུགས་སུ་འཛིན་པ། སྔོན་འགོག་གཙོ་བོར་འཛིན་པ། བོད་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་གཉིས་ཀར་མཐོང་ཆེན་བྱས་ནས། བདེ་ཐང་དེ་སྲིད་ཇུས་ཡོངས་ཀྱི་ནང་དུ་འདྲེས་བར་བྱེད་པ་དང་མི་དམངས་ཀྱི་མཉམ་བསྐྲུན་མཉམ་སྤྱོད་བྱེད་ཅེས་པའི་དུས་རབས་གསར་པའི་འཕྲོད་བསྟེན་ལས་དོན་བྱེད་ཕྱོགས་གཏན་འཁེལ་བྱས་པ་དང་། དེ་ནས"བདེ་ཐང་གི་ཀྲུང་གོའི་འཐབ་ཇུས་ལག་བསྟར་བྱེད་པ"དེ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དུ་རིམ་སྤོར་བྱས་པའི་བར ། བྱ་བའི་ཁ་ཕྱོགས་གསལ་པོ་ཞིག་བསྟན་ཡོད་པ་ནི། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་པ་དེ་རེད། 

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲུའུ་ཧུང་མིང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲོད་བསྟེན་སྟོབས་ལྡན་རྒྱལ་ཁབ་སྐོར་གྱི་རྣམ་བཤད་གལ་ཆེན་རབ་དང་རིམ་པས་ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བའི་ནང་མི་དམངས་མང་ཚོགས་ཀྱི་བདེ་ཐང་གི་རེ་སྒུག་ལ་ལན་བཏབ་ཡོད་པས། “མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མཐོ་བའི”རིན་ཐང་ལྟ་བ་མངོན་པར་གསལ་ལ། དུས་རབས་གསར་པའི་འཕྲོད་བསྟེན་བྱ་གཞག་དེ“སུའི་ཆེད་དུ་སྤེལ་བ་དང་། གང་དུ་བསྐྱོད་དགོས་པ། ཇི་ལྟར་སྒྲུབ་དགོས་པ”ཞེས་པའི་རྩ་བའི་གནད་དོན་དེར་འགྲེལ་བཤད་གཏིང་ཟབ་བརྒྱབ་ཡོད། མི་གྲངས་དུང་ཕྱུར་བཅུ་བཞི་ལྷག་འཛམ་གླིང་མདུན་གྲལ་དུ་སླེབས་པའི་ཆུ་ཚད་འདི་ལྟ་བུ་མིའི་རིགས་ཀྱི་བདེ་ཐང་ལོ་རྒྱུས་སྟེང་དཀོན་པོ་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་སྒྱུར་བའི་དམངས་འཚོའི་རྒྱབ་ལྗོངས་དྲོན་མོ་ཡིན། 

གཞི་རིམ་མང་ཚོགས་ཀྱིས་སྨན་པར་བསྟེན་ཐུབ་པའི་དཀའ་ངལ་ཐག་གཅོད་བྱེད་ཆེད། ས་གནས་ཁག་གིས་གཞི་རིམ་གཙོ་གནད་དུ་བཟུང་ནས་སྨན་བཅོས་འཕྲོད་བསྟེན་གྱི་བྱ་བའི་གཙོ་ཐིག་གཞི་རིམ་དུ་སྤེལ་ཞིང་སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་ཕྱོགས་གཅིག་ཏུ་བསྡུ་རུབ་བྱེད་པར་སྐུལ་འདེད་བཏང་། 

ཧྥུའུ་ཅན་རི་ཁུལ་གྱི་གསར་བརྗེ་གནས་རྙིང་སན་མིང་གྲོང་ཁྱེར་གྱིས་ད་ལྟ་གྲོང་ཁྱེར་ཡོངས་ལ་ཁྱབ་པའི་རིག་ཚན་མང་བའི་རྒྱུན་རྣམ་ཅན་གྱི་ནད་དཔྱད་སྟེགས་བུ་བསྐྲུན་ཡོད་ཅིང་། གོང་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་སྤུས་ལེགས་ཐོན་ཁུངས་སྦྲེལ་མཐུད་ཐུབ་པ་དང་། འོག་ནས་གཞི་རིམ་སྨན་བཅོས་ལས་ཁུངས་བར་འབྲེལ་བ་དམ་ཟབ་བཙུགས་ནས། རྒྱང་བསྟེན་གཟུགས་བརྙན་ནད་དཔྱད་དང་ནད་གཞི་དཔྱད་གླེང་གི་དུས་ཚོད་སྐར་མ་ཉི་ཤུ་ལས་མི་འགོར་བས། རྫོང་མཁར་ནས་བསྡད་དེ་ནད་པས་རིག་ཚན་མང་པོ་གཞི་གཅིག་ཅན་གྱི་ནད་བརྟག་སྨན་བཅོས་ཀྱི་གནད་ཁེལ་སྟབས་བདེ་ལོངས་སུ་སྤྱོད་ཐུབ།

ཧྥུའུ་ཅན་ཞིང་ཆེན་སན་མིང་གྲོང་ཁྱེར་ཐའེ་ཉིང་རྫོང་ཏ་ལུང་ཞང་ཕིང་ཧྲང་སྡེ་བའི་ནད་པ་ལེའོ་ཆིའུ་ཡིང་གིས་བཤད་རྒྱུར། དེ་རིང་ཧྲང་ཧའེ་རུའེ་ཅིན་སྨན་ཁང་དང་ང་ཚོའི་གྲོང་ཁྱེར་གྱི་སྨན་ཁང་དང་པོའི་ཆེད་མཁས་པས་ང་ལ་མཉམ་བསྡུས་ནད་དཔྱད་བྱས་པ་ཡིན། སྔོན་ཆད་སྨན་པར་བསྟེན་སྐབས་རྟག་ཏུ་གྲོང་ཁྱེར་ཆེན་པོར་འགྲོ་བཞིན་ཡོད་ཅིང་། ད་ལྟ་ཁྱིམ་གྱི་སྒོ་འགྲམ་དུ་ཡོད་ལ་གྲོན་ཆུང་ཡང་བྱེད་ཐུབ།

ད་ལྟའི་བར་དུ། རྒྱལ་ཡོངས་ཀྱི་རྫོང་ཁོངས2199ཡིས་དམ་ཟབ་རྣམ་པའི་རྫོང་རིམ་པའི་སྨན་བཅོས་མཉམ་འབྲེལ་ཚོགས་པ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། གཞི་རྩའི་ཆ་ནས་ཁྱབ་ཚད་ཡོངས་སུ་རྫོགས་པ་མངོན་འགྱུར་བྱུང་ཡོད། སྤྱི་ལོ2025ལོར་གོང་རིམ་སྨན་ཁང་གི་སྨན་པ་ཁྲི7ལྷག་ཞང་གྲོང་འཕྲོད་བསྟེན་ཁང་དང་སྡེ་ཁུལ་ཞབས་ཞུའི་ལྟེ་གནས་སུ་བསྐྱོད་དེ་གཞི་རིམ་ལ་མི་ཐེངས་དུང་ཕྱུར་གསུམ་དང་བྱེ་བ་གསུམ་ལྷག་ལ་ཞབས་ཞུ་བསྒྲུབས་ཡོད།

མིག་སྔའི་བར། རྒྱལ་ཡོངས་ཀྱི་རྫོང་ཁོངས2199རུ་དམ་ཟབ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་མཉམ་གཟུགས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་གཞི་རྩའི་ཆ་ནས་ཁྱོན་ཡོངས་ལ་ཁྱབ་ཡོད། 2025ལོར་རྒྱལ་ཡོངས་ཀྱི་གོང་རིམ་སྨན་ཁང་གི་སྨན་པ་དཀའ་བཅུ་པ་ཁྲི་བདུན་ལྷག་ཙམ་ཞང་གྲོང་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་སུ་ཟབ་ཞུགས་བྱས། གཞི་རིམ་ལ་ཞབས་ཞུ་མི་ཐེངས་དུང་ཕྱུར་གསུམ་དང་བྱེ་བ་གསུམ་ལ་ཉེ་བ་མཁོ་འདོན་བྱས་ཡོད།

སྨན་བཅོས་རིན་གོང་མཐོ་བ་ནི་སྔོན་ཆད་ཁྱིམ་ཚང་མང་པོའི་གནོན་ཤུགས་ཤིག་ཡིན་པ་དང་། རང་རྒྱལ་གྱིས་གཞུང་བཙུགས་སྨན་ཁང་གི་སྤྱི་ཕན་རང་བཞིན་མཐའ་འཁྱོངས་བྱས་ནས་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད95%ཡས་མས་སུ་བརྟན་པོ་ཡོང་བ་བྱས་ཏེ། སྐབས་བསྟུན་ལས་ཞུགས་མི་སྣ་དང་། ཞིང་པ་ཞོར་ལས་པ། ལས་རྣམ་གསར་པའི་མི་སྣ་བཅས་གཞི་རྩའི་སྨན་བཅོས་འགན་བཅོལ་ཁྲོད་ཞུགས་རྒྱུར་སྐུལ་འདེད་བཏང་། སྨན་རྫས་དང་རྒྱུ་ཆ་མཉམ་འདོན་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་དང་། ལོ་མང་རིང་བསྟུད་མར་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ལེགས་སྒྲིག་བྱས་ནས། གྲོས་མཐུན་བཞག་པའི་རིང་སྨན་རྫས་ཀྱིས་མི་ཐེངས་དུང་ཕྱུར་དགུ་ལ་ཕན་པ་ཐོབ་པ་དང་ཁུར་པོ་ཡང་དུ་གཏོང་ཚད་སྒོར་ཁྲག་ཁྲིག་དགུ་ཟིན་ཡོད།

ནད་ལ་ལྟ་ཐུབ་པ་དང་སྨན་བཅོས་བྱེད་ཐུབ་པ་མ་ཟད། སྔར་ལས་སྨན་བཅོས་ལེགས་པོ་བྱེད་ཐུབ་ཡོད། 2025ལོར་རང་རྒྱལ་གྱི་གསར་གཏོད་སྨན་རྫས76ལ་ཆོག་མཆན་ཐོབ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། འོད་རྡུལ་ནུས་གཞིCTདང་། མི་ཤུགས་སྙིང་ཁམས། གཤགས་བཅོས་འཕྲུལ་མི་བཅས་ནད་ཐོག་ཏུ་ལག་ལེན་བྱས། མི་ཐབས་རིག་ནུས་དང་སྦྲེལ་དྲ་སོགས་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་གཞི་རིམ་གྱི་ནད་བརྟག་སྨན་བཅོས་ལ་ཤུགས་བསྣན་ཏེ་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱས།

ནད་བཅོས་གཙོ་གནད་དུ་འཛིན་པ་ནས་མི་དམངས་ཀྱི་བདེ་ཐང་གཙོ་གནད་དུ་འཛིན་པའི་ཕྱོགས་སུ་བསྒྱུར་ཏེ། གཅོང་ནད་དང་འབྲས་སྐྲན་སྔ་མོ་ནས་བརྟག་དཔྱད་སྨན་བཅོས་དང་རིམས་འགོག་འཆར་འགོད་མུ་མཐུད་རྒྱ་ཆེར་བཏང་སྟེ། མིག་སྔའི་མི་དམངས་མང་ཚོགས་འཕྲད་པའི་བདེ་ཐང་གི་གནད་དོན་དང་རྒྱུ་རྐྱེན་གཙོ་བོར་དམིགས་པ་དང་། བདེ་ཐང་ཀྲུང་གོའི་ཆེད་དོན་འགུལ་སྐྱོད་དོན་ཚན18བར་རྒྱ་ཆེར་བཏང་ཡོད། ཚེ་སྲོག་གསར་པ་གསོ་སྐྱོང་ནས་ན་གཞོན་ལོ་ཆུང་བདེ་ཐང་ངང་འཚར་ལོངས་བྱུང་བའི་བར་དང་། དེ་ནས་ན་རྒས་རྣམས་གསོ་སྐྱོང་བྱེད་པའི་བར། བདེ་ཐང་ལ་ཐེ་ཇུས་བྱེད་པའི་འགག་སྒོ་དེ་བདེ་ཐང་གི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། བདེ་ཐང་གི་འགུལ་སྐྱོད་ཁྲོད་ཞུགས་པ། བདེ་ཐང་ཞབས་ཞུ་མཁོ་འདོན་བྱེད་པ་བཅས་བརྒྱུད་ནས་མུ་མཐུད་དུ་སྣུར་བསྲིངས་བྱས།

བདེ་ཐང་གི་ཀྲུང་གོ་མཉམ་སྐྲུན་མཉམ་སྤྱོད་བྱས། རང་རྒྱལ་གྱི་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན་ནས། གཅོང་ནད་ཚབས་ཆེན་རིགས་ཀྱི་ནད་པ་སྔ་མོ་ནས་ཚེ་ལས་འདས་ཚད་བརྒྱ་ཆའི་བཅུ་གསུམ་དང་གྲངས་ཆུང་བརྒྱད་བར་ཆག་པ་དང་། བྱིས་པ་ཚེ་ལས་འདས་ཚད་བརྒྱ་ཆའི་གསུམ་དང་གྲངས་ཆུང་བརྒྱད་ལ་ཆག་ཡོད། སྦྲུམ་མ་ཚེ་ལས་འདས་ཚད་འབུམ་ཆའི་བཅུ་གསུམ་དང་གྲངས་ཆུང་བཞི་བར་ཆག་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བུད་མེད་དང་བྱིས་པའི་བདེ་ཐང་གི་ཕན་འབྲས་མཐོ་བའི་རྒྱལ་ཁབ་ཀྱི་གྲས་སུ་བཞག་ཡོད།

2035ལོར་བསླེབས་སྐབས་བདེ་ཐང་གི་ཀྲུང་གོ་བསྐྲུན་ཚར་བའི་འཐབ་ཇུས་དམིགས་ཚད་ལ་ཕྱོགས་ནས། རང་རྒྱལ་གྱིས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་ཇེ་བརྟན་དང་། སྨན་བཅོས་དང་སྨན་བཅོས་འགན་བཅོལ། སྨན་རྫས་བཅས་མཐུན་སྦྱོར་ངང་བཅོས་བསྒྱུར་ཟབ་སྤེལ་དང་། སྨན་དང་སྨན་བཅོས་ཚན་རྩལ་གསར་གཏོད་ཀྱི་སྒུལ་ནུས་འདོན་རྒྱུ་དང་། འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་གི་ཀུན་ཕན་དོ་སྙོམས་དང་དམངས་ཡོངས་མཉམ་སྤྱོད་ལ་སྐུལ་འདེད་བཏང་སྟེ་གོམ་སྟབས་བརྟན་པོའི་ངང་མདུན་སྐྱོད་བྱ་རྒྱུ་རེད། །


  • 顶