ཧོ་ལི་ཧྥེང་གིས་ཀུ་ཤུ་ཀུང་ཟིའི་ལག་བསྟར་ཏུང་ཧྲི་ཀྲང་ཏིས་མུའུ་ཁུའུ་ཁི་ལ་ཐུག་འཕྲད་གནང་བ།

2026-10-14
305

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥེང་གིས་ཚེས12ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་ནས་ཨ་རིའི་ཀུ་ཤུ་ཀུང་ཟིའི་ལག་བསྟར་ཏུང་ཧྲི་ཀྲང་ཏིས་མུའུ་ཁུའུ་ཁི་ལ་ཐུག་འཕྲད་གནང་།

ཧོ་ལི་ཧྥེང་གིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་དངོས་འབེབས་གང་ལེགས་བྱས་ཏེ། བརྩི་བཀུར་དང་དྲང་བདེན། འདྲ་མཉམ་གྱི་ཀྲུང་ཨའི་འཛུགས་སྐྲུན་རང་བཞིན་གྱི་འཐབ་ཇུས་གཏན་འཇགས་འབྲེལ་བ་འཛུགས་པ་དེ་རྒྱལ་ཁབ་གཉིས་དང་ཐ་ན་གོ་ལ་ཧྲིལ་བོའི་དཔལ་འབྱོར་གཏན་འཇགས་དང་འཕེལ་རྒྱས་ལ་ཕན་པ་ཡོད་ལ། དེས་རྒྱལ་ཁོངས་བརྒལ་བའི་ཁེ་ལས་ལ་གཏན་འཇགས་དང་སྔོན་དཔག་ཐུབ་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་པོ་མཁོ་འདོན་བྱེད་ཐུབ། ཀུ་ཤུ་ཀུང་ཟི་ཚུད་པའི་རྒྱལ་ཁབ་སོ་སོའི་ཚན་རྩལ་ཁེ་ལས་ཀྱིས་མུ་མཐུད་དུ་ཀྲུང་གོར་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་སྤེལ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་བྱེད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། 

ཁུའུ་ཁི་ཡིས་བསྟན་དོན། ཀུ་ཤུ་ཀུང་ཟིས་ཀྲུང་གོར་དུས་ཡུན་རིང་བོའི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་པ་དང་། བཟོ་ཚོང་ལས་རིགས་ཀྱི་ཟམ་པ་ལྟ་བུའི་བྱེད་ནུས་འདོན་སྤེལ་བྱས་ཏེ། ཨ་རི་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་གཏན་འཇགས་དང་བདེ་ཐང་ངང་འཕེལ་རྒྱས་གཏོང་བར་སྔར་ལས་མང་བའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན། །


  • 顶