ཟླ10པའི་ཚེས12ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་ཆིང་མིན་དང་གྲོས་མོལ་བྱས་པར་མ་ཟད་ཀྲུང་གོ་དང་ཡོ་ནན་གྱི་ཁྲིམས་འཛུགས་ལས་ཁུངས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པར་མགོ་འཛིན་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚེས12ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་ཆིང་མིན་དང་གྲོས་མོལ་བྱས་པར་མ་ཟད། ཀྲུང་གོ་དང་ཡོ་ནན་གྱི་ཁྲིམས་འཛུགས་ལས་ཁུངས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པར་མགོ་འཛིན་གནང་།
ཀྲའོ་ལེ་ཅི་ཡིས་བསྟན་དོན། ད་ལོའི་ཟླ4པར། སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་མཉམ་དུ་ཕན་འབྲས་ལྡན་པའི་གྲོས་མོལ་གནང་ནས་ཆུ་ཚད་སྔར་ལས་མཐོ་བའི་འཐབ་ཇུས་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཁ་ཕྱོགས་གསལ་སྟོན་བྱས། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་འཐབ་ཇུས་མཛུབ་ཁྲིད་ལ་བརྩི་སྲུང་བྱས་ནས། ཀྲུང་གོ་དང་ཡོ་ནན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་འཐབ་ཇུས་ཐད་ཕན་ཚུན་ཡིད་རྟོན་དང་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས། དངོས་གཉེར་མཉམ་ལས་ཟབ་སྤེལ་དང་། རྨང་གཞིའི་སྒྲིག་བཀོད་ཕན་ཚུན་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་བྱས་ནས། མིས་བཟོས་རིག་ནུས་དང་ནུས་ཁུངས་གཙང་མ་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་དགོས། དམངས་འདུན་གཙོར་བཟུང་ནས། རིག་གནས་སོགས་ཀྱི་བརྗེ་རེས་གཏིང་ཟབ་ཏུ་གཏོང་དགོས། ཕྱོགས་མང་མཉམ་ལས་དམ་ཟབ་བྱས་ནས་མཉམ་དུ་འཛམ་གླིང་ཧྲིལ་པོའི་གྲོས་གཞི་ཆེན་པོ་བཞི་ལག་ལེན་དུ་བསྟར་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཚུད་པའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ་ལག་གདང་སྦྲེལ་ནས་ཞི་བདེ་དང་། བདེ་འཇགས། དར་རྒྱས། མཛེས་སྡུག མཛའ་འབྲེལ་བཅས་ཁྱིམ་གཞིས་ཆེན་པོ་ལྔ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཡོ་ནན་རྒྱལ་ཚོགས་དང་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱ་རྒྱུ་གཙོར་བྱས་ཏེ། ཁྲིམས་འཛུགས་སྒྲིག་གཞིའི་འགན་ནུས་དང་འགན་འཁྲིར་གཞི་འཛུགས་པ་དང་། མཉམ་ལས་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས། དུས་བཀག་སྤེལ་རེས་རྐྱེན་སྲོལ་ཡག་པོ་འཛུགས་པ་དང་། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་བྱ་བའི་ཉམས་མྱོང་མཉམ་སྤྱོད་བྱེད་དགོས། གཉིས་ཕན་མཉམ་ལས་ཀྱི་བཅའ་ཁྲིམས་ཡིག་ཆ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་སྔར་ལས་དྲང་གཞག་དང་ཁ་གསལ། སྔོན་དཔག་ཐུབ་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་དགོས།
ཁྲེན་ཆིང་མིན་གྱིས་བསྟན་དོན། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག་ཡོ་ནན་དང་ཀྲུང་གོའི་བར་གྱི་འབྲེལ་བ་དང་འཐབ་ཇུས་དོན་སྙིང་ལྡན་པའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་མུ་མཐུད་དུ་ཤུགས་རྒྱག་དགོས། ཡོ་ནན་ཕྱོགས་ཀྱིས་ཡོ་ནན་དང་ཀྲུང་གོའི་འབྲེལ་བ་ནི་ཡོ་ནན་གྱི་ཕྱི་ཕྱོགས་སྲིད་ཇུས་ཀྱི་འཐབ་ཇུས་གདམ་ག་དང་ཨང་དང་པོར་བརྩིས་ཡོད། འཐབ་ཇུས་ཐོག་ཕན་ཚུན་ཡིད་ཆེས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་ཚོང་དོན་དངུལ་གཏོང་དང་། རྨང་གཞིའི་སྒྲིག་བཀོད། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས། མི་གཞུང་རིག་གནས་བརྗེ་རེས་ཇེ་ཟབ་ཏུ་གཏོང་དགོས། ཡོ་ནན་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་མཉམ་ལས་ལ་ཤུགས་བསྣན་ནས། ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མིའི་བྱ་བ་བཅས་ཀྱི་ཉམས་མྱོང་བརྗེ་རེས་དང་ཕན་ཚུན་དཔེ་གཞིར་ནན་འཛིན་བྱས་ཏེ། ཡོ་ནན་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་བསླེབས་པར་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་འདོད་ཡོད།
ཝང་ཏུང་མིང་གོང་གསལ་གྱི་བྱེད་སྒོར་ཞུགས། །
འཕྲིན་སྟེགས། weikangba