ཟླ10པའི་ཚེས12ཉིན། ཀྲུང་གོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་འཁོར70ལོན་པར་རྗེས་དྲན་ཞུ་བའི་ཚོགས་ཆེན་པེ་ཅིན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། ཚོགས་ཞུགས་འཐུས་མི་ཡོངས་ལ་ཐུག་འཕྲད་གནང་བར་མ་ཟད་ཚང་མ་དང་ལྷན་དུ་མཉམ་པར་བསྐྱོན།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་འཁོར70ལོན་པར་རྗེས་དྲན་ཞུ་བའི་ཚོགས་ཆེན་ཟླ10པའི་ཚེས12ཉིན་པེ་ཅིན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། ཚོགས་ཞུགས་འཐུས་མི་ཡོངས་ལ་ཐུག་འཕྲད་གནང་བར་མ་ཟད་ཚང་མ་དང་ལྷན་དུ་མཉམ་པར་བསྐྱོན།
ཝང་ཧུའུ་ཉིང་གིས་བསྟན་དོན། ཕྱིར་སྡོད་རང་མིའི་བྱ་བ་ནི་ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་བྱ་བ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི། ཕྱིར་སྡོད་སྤུན་ཟླ་བཅས་ཀྱི་བྱ་བ་ལེགས་པོར་སྒྲུབ་པར་ཚད་མཐོའི་མཐོང་ཆེན་གནང་ནས། དུས་རབས་གསར་པ་དང་འཐབ་ལམ་གསར་པར་ཕྱིར་སྡོད་རང་མིའི་བྱ་བར་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གནང་སྟེ། ཕྱིར་སྡོད་རང་མིའི་བྱ་བའི་འཕེལ་རྒྱས་དང་འབྲེལ་བའི་ཁ་ཕྱོགས་རང་བཞིན་དང་རྩ་བའི་རང་བཞིན། འཐབ་ཇུས་རང་བཞིན་བཅས་ལྡན་པའི་གནད་དོན་རབ་དང་རིམ་པར་ལན་བཏབ་པ་དང་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཕྱིར་སྡོད་རང་མིའི་བྱ་བའི་ཁ་ཕྱོགས་དང་ལས་འགན་དམ་འཛིན་ནན་མོ་བྱེད་དགོས།
ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་མི་དམངས་ཚོགས་པ་ཞིག་ཡིན་ལ། ཏང་དང་སྲིད་གཞུང་གིས་རྒྱ་ཆེའི་ཕྱིར་སྡོད་རང་མིའི་ཁྱིམ་མི་དང་ཕྱི་རྒྱལ་གྱི་སྤུན་ཟླར་འབྲེལ་གཏུགས་བྱེད་པའི་ཟམ་པ་དང་སྦྲེལ་ཐག་ལྟ་བུ་ཡིན། ལོ་ངོ70རིང་། རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཀྲུང་གོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱིར་སྡོད་རང་མིའི་ལས་དོན་ཐད་གནང་བའི་རྒྱས་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱས་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་གོའི་འདུན་མ་མཉམ་དུ་མངོན་འགྱུར་དང་མཉམ་སྤྱོད་བྱེད་པའི་བརྗོད་དོན་རྒྱུན་འཁྱོངས་དང་། ཁྱོན་ཡོངས་ལ་ཞབས་ཞུ་དང་ཕྱིར་སྡོད་སྤུན་ཟླར་ཞབས་ཞུ་བྱེད་པ་ཕན་ཚུན་ཟུང་སྦྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླར་མཐུན་སྒྲིལ་དང་སྐུལ་ཁྲིད་བྱས་ཏེ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་ལ་ཡར་སྐུལ་བྱེད་པ། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཀྲུང་ཕྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་ཐད་ཧུར་ཐག་གིས་བྱས་རྗེས་བཞག་ཡོད།
ཝང་ཧུའུ་ཉིང་གིས་བསྟན་དོན། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་ནི་གཞི་རྩའི་སྟེང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་གནད་གག་གི་དུས་སྐབས་ཤིག་ཡིན་ལ། ཕྱིར་སྡོར་རང་མིའི་ལས་དོན་ཐད་གནས་བབ་དང་ལས་འགན་གསར་བར་འཕྲད་ཡོད། ཀྲུང་གོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་། ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་བ་ཇེ་ཟབ་ཏུ་གཏོང་བ། ཐུན་མོང་མ་ཡིན་པའི་དགེ་མཚན་འདོན་སྤེལ་དང་། བྱས་རྗེས་དེ་བས་ཆེ་བ་མངོན་པར་བྱེད་པ་བཅས་ཀྱི་བླང་བྱ་གལ་ཆེན་ཡིད་ལ་བརྟན་པོར་ངེས་ནས། རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་སྟོབས་ཤུགས་འབུལ་བར་མཐུན་སྒྲིལ་སྣེ་ཁྲིད་བྱེད་དགོས། ཏང་གིས་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།
ཝང་དབྱི་དང་། ལི་ཀན་ཅེ། ཧོ་ཝེ། ཝུའུ་ཀྲེང་ལུང་། ཞན་ཧུའེ་བཅས་གོང་གསལ་བྱེད་སྒོར་ཞུགས།
ཚོགས་འདུའི་སྟེང་། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ་ལུའུ་ཀྲི་ཡོན་གྱིས་མི་དམངས་ཚོགས་པའི་ཚབ་བྱས་ཏེ་ཤིས་ཚིག་ཕུལ། ཀྲུང་གོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་ཞི་ཝང་ལིང་ཀུའེ་ཡིས་ཤིས་ཚིག་ཕུལ། ཕྱིར་སྡོད་རང་མིའི་ལས་རིགས་ཀྱི་འཐུས་མི་ལིན་ཏུང་གིས་གཏམ་བཤད།
ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་དང་། རྒྱལ་ཁབ་ཕྱི་ནང་གི་ཕྱིར་སྡོད་རང་མིའི་འཐུས་མི་སོགས་མི770ལྷག་ཚོགས་ཆེན་ལ་ཞུགས། །
འཕྲིན་སྟེགས། weikangba