ཁྲེང་ཏུའུ་ནས་ལྷ་ས་བར་གྱི་དུས་གཏན་ཟོང་འདྲེན་མེ་འཁོར་ཤར་གཏོང་བྱས་པ།

2026-10-13
438

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས11ཉིན་གྱི་ཆུ་ཚོད13དང་སྐར་མ30ཙམ་ལ། བོད་ལྗོངས་སུ་བསྐྱོད་པའི་དངོས་ཟོག་བླུགས་པའིX8704/3རྟགས་ཅན་གྱི་མེ་འཁོར་དེ་ཁྲིན་ཏུའུ་བྱང་རྒྱུད་སྒྲིག་འཛུགས་ས་ཚིགས་ནས་དལ་གྱིས་ལམ་ལ་ཆས་པ་རེད། དེར་བརྟེན་ཁྲེང་ཏུའུ་ནས་ལྷ་ས་བར་དུས་གཏན་མེ་འཁོར་དངོས་སུ་ཤར་གཏོང་བྱེད་མགོ་བརྩམས་ཤིང་། བོད་ལྗོངས་སུ་དངོས་ཟོག་སྐྱེལ་བའི་ལྕགས་ལམ་སྐྱེལ་འདྲེན་ལ་གདམ་གསེས་གསར་པ་ཡོད་པ་རེད།

པར་འདི་ནི་ཟླ10པའི་ཚེས11ཉིན་ཁྲེང་ཏུའུ་ནས་ལྷ་ས་བར་གྱི་དུས་གཏན་ཟོང་འདྲེན་མེ་འཁོར་གཏོང་མགོ་བརྩམས་པའི་རྣམ་པ་རེད།

ཐེངས་འདིའི་མེ་འཁོར་སྟེང་བསྡོམས་པས་ཚོང་ཟོག་རླངས་འཁོར25ཡོད་པ་དང་ལྗིད་ཚད་ཏུན500ལས་བརྒལ་ཞིང་། རིན་ཐང་སྒོར་ཁྲི1500ལྷག་ལས་བརྒལ་ཡོད། དངོས་ཟོག་ཁྲོད་ཤིང་ཆ་དང་འབྲུ་རིགས། རྫས་འགྱུར་དངོས་རྫས། ལྕགས་ཆས་སོགས་སྣ་ཁ་བཅུ་ལྷག་འདུས་ཡོད།

ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཚད་ཡོད་ཀུང་སི་སི་ཁྲོན་ཡན་ལག་ཀུང་སིའི་ཁྲེང་ཏུའུ་ལྕགས་ལམ་ཟོག་འགྲེམ་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། མེ་འཁོར་འདི་ནི་དུས་ཚོད་གཏན་ཁེལ་དང་ལམ་ཐིག་གཏན་ཁེལ། འཁོར་སྐྱོད་འཆར་གཞི་གཏན་ཁེལ་བཅས་ཀྱི་རྣམ་པས་གཉེར་སྐྱོང་བྱ་རྒྱུ་ཡིན་ལ། ལམ་ཐག་ཧྲིལ་པོར་དུས་ཡུན་ཆུ་ཚོད68ཡས་མས་འགོར་གྱི་རེད།"

མེ་འཁོར་རྒྱུན་ལྡན་ངང་འཁོར་སྐྱོད་བྱས་རྗེས། ང་ཚོས་བོད་ལྗོངས་ས་ཁུལ་དུ་དབོར་འདྲེན་བྱེད་པའི་དུས་ཚོད་ཧ་ཅང་ཇེ་ཐུང་དུ་གྱུར་ཡོད"ཅེས་ཁྲེང་ཧུང་ཁུན་ཏ་ཟོག་འགྲེམ་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཏུང་གོ་ཡུང་གིས་དེ་ལྟར་བཤད་པ་རེད། །


  • 顶