ཀྲུང་གོ་དང་ལའོ་ཝུའོ་ལྕགས་ལམ་གྱིས་བསྡོམས་པས་འགྲུལ་པ་མི་ཐེངས་ཁྲི8000ཡན་སྐྱེལ་འདྲེན་བྱས་པ།

2026-10-12
358

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ10པའི་ཚེས9ཉིན་ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ10པའི་ཚེས9ཉིན་བར་ཀྲུང་གོ་དང་ལའོ་ཝུའོ་ལྕགས་ལམ་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱས་ཏེ་ལོ་ལྔ་ལྷག་སོང་རིང་བསྡོམས་པས་འགྲུལ་པ་མི་ཐེངས་ཁྲི8000ལས་བརྒལ་ཡོད། རྒྱལ་མཚམས་སྒྲོལ་བའི་བགྲོད་ལམ་ཡག་ཤོས་དེས་བགྲོད་ལམ་གྱི་ཁེ་ཕན་རྒྱུན་མཐུད་ངང་ཐོན་པ་དང་། ཀྲུང་གོ་དང་ལའོ་ཝུའོ་དཔལ་འབྱོར་ཚོང་དོན་དང་མི་ཆོས་རིག་གནས་སྤེལ་རེས་ལ་ནུས་པ་བསྩལ་ཡོད།

ཤར་གཏོང་བྱས་ཚུན། ཀྲུང་གོ་དང་ལའོ་ཝུའོ་ལྕགས་ལམ་གྱི་འགྲུལ་པ་རྒྱུན་མཐུད་བརྟན་རླིང་ངང་འཕར་བ་དང་ཟིན་ཐོ་གསར་པ་ཡང་ཡང་བཏོད་ཡོད། རྒྱལ་ནང་ལམ་མཚམས་སུ་ཉིན་རེར་ཆ་སྙོམས་འགྲུལ་སྐྱེལ་མེ་འཁོར8ནས་ཆེས་མང་ཤོས་སུ86བར་འཕར་བ་དང་། ལའོ་ཝུའོ་ལམ་དུམ་དུ་ཉིན་རེར་ཆ་སྙོམས་འགྲུལ་སྐྱེལ་མེ་འཁོར4ནས་ཆེས་མང་ཤོས18བར་མང་དུ་ཕྱིན་ཡོད། 

2023ལོའི་ཟླ4པར་ཀྲུང་ལའོ་ལྕགས་ལམ་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་གཏོང་མགོ་ཚུགས་པ་ནས་བཟུང་། ཁུན་མིང་ནས་ཝན་ཞང་བར་ཉིན་རེར་མེ་འཁོར་གཏོང་ཚད2ནས་4བར་མང་དུ་ཕྱིན་པ་དང་། མེ་འཁོར་རེར་རྒྱལ་མཚམས་སྒྲོལ་བའི་འགྲུལ་པའི་སྡོད་ས་ཐོག་མའི་དུས་ཀྱི250ནས420བར་མང་དུ་ཕྱིན་པ་དང་། མགྱོགས་ཤོས་ཆུ་ཚོད9དང་སྐར་མ36ནང་འབྱོར་ཐུབ་ཡོད། མོ་ཧན་ལྕགས་ལམ་འགག་སྒོའི་འགག་སྒོ་སྒྲོལ་བའི་དུས་ཚོད་སྐར་མ50བར་ཐུང་དུ་ཕྱིན་ལ། རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་ཐོག་མའི་དུས་ཀྱི་ཉིན་རེར་མི་ཐེངས300ནས་མང་ཤོས་མི་ཐེངས1640བར་མང་དུ་ཕྱིན་ཡོད། མིག་སྔའི་བར་ཀྲུང་གོ་དང་ལའོ་ཝུའོ་ལྕགས་ལམ་ཐོག་བསྡོམས་པས་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར3913བཏང་ནས་རྒྱལ་ཁབ་དང་ས་ཁུལ120ལྷག་གི་རྒྱལ་མཚམས་སྒྲོལ་བའི་འགྲུལ་པ་མི་ཐེངས་ཁྲི95ལ་ཞབས་འདེགས་ཞུ་བཞིན་ཡོད།

ཀྲུང་གོ་དང་ལའོ་ཝུའོ་ལྕགས་ལམ་གྱིས་ཁུན་མིང་དང་། ཞི་ཧྲོང་པན་ན། ལང་པོ་ལ་པང་། ཝན་ཞང་སོགས་ལམ་རྒྱུད་ཀྱི་ཡུལ་སྐོར་གྲོང་ཁྱེར་གྲགས་ཅན་སྦྲེལ་མཐུད་བྱས་ནས། “ཤུགས་འགྲེམས་མེ་འཁོར་ལ་བསྡད་ནས་ལའོ་ཝུའོ་ལ་ཡུལ་སྐོར་བྱེད་པ”དང“ཤུགས་འགྲེམས་མེ་འཁོར་ལ་བསྡད་ནས་ཡུན་ནན་དུ་ཡུལ་སྐོར་བྱེད་པ”དེ་རྒྱལ་མཚམས་སྒྲོལ་བའི་དར་སྲོལ་གསར་བ་ཞིག་ཏུ་གྱུར་ཡོད། ད་ལོ་ནས་བཟུང་ཀྲུང་གོ་དང་ལའོ་ཝུའོ་ལྕགས་ལམ་ཐོག་འགྲུལ་པ་མི་ཐེངས་ཁྲི1600ལས་བརྒལ་བ་དེ་དུས་མཉམས་ལས5%འཕར་བའི་ནང་། རྒྱལ་མཚམས་སྒྲོལ་བའི་འགྲུལ་པ་མི་ཐེངས་ཁྲི27ཟིན་པ་དེ་དུས་མཉམ་ལས36.6%འཕར་ཡོད་པ་རེད། རྒྱལ་མཚམས་སྒྲོལ་བའི་འགྲུལ་པ་མེ་འཁོར་ལ་བསྡད་དེ་རྒྱལ་ཁབ་གཉིས་པོར་འགྲོ་འོང་བྱས་ནས་ལམ་རྒྱུད་ཀྱི་མཛེས་ལྗོངས་ཁུལ་དང་། མགྲོན་ཁང་། བཟའ་བཏུང་སོགས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ངང་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཡོད། །


  • 顶