ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཁབ་གསར་འགྱུར་གཞུང་ལས་ཁང་གིས་ཟླ10པའི་ཚེས10ཉིན་འཚོགས་པའི"'ལོ་ལྔའི་འཆར་འགོད་བཅོ་ལྔ་པའི'མགོ་ཡག་པོ་འཛུགས་པ"ཞེས་པའི་བརྗོད་དོན་གཙོ་བོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། ད་ལོའི་ཟླ1པོ་ནས་ཟླ9པའི་བར་རྒྱལ་ཡོངས་ཀྱི་མཁར་གྲོང་གི་ལས་ཞུགས་མི་གྲངས་ཁྲི1052ལ་སླེབས་པ་དང་། ལོ་འཁོར་གྱི་དམིགས་འབེན་ལས་འགན་གྱི87.7%ལེགས་འགྲུབ་བྱུང་སྟེ། སྔོན་ཀྱི་ཟླ་བ་བརྒྱད་རིང་གི་མཁར་གྲོང་གི་བརྟག་དཔྱད་བྱས་པའི་ལས་ཤོར་བྱེད་ཚད་ཀྱི་ཆ་སྙོམས་གྲངས་ཀ་ནི5.2%ཡིན་པ་དང་། ལས་ཞུགས་གནས་བབ་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་རེད། །
འཕྲིན་སྟེགས། weikangba