ལྕགས་ལམ་ཐོག་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་འགྲུལ་པ་མི་ཐེངས་དུང་ཕྱུར3ལས་བརྒལ་བ།

2026-10-12
359

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས9ཉིན་གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ9པའི་ཚེས23ཉིན་ནས་ཟླ10པའི་ཚེས8ཉིན་བར། དུས་ཡུན་ཉིན16རིང་གི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་ལྕགས་ལམ་གྱི་སྐྱེལ་འདྲེན་བདེ་བླག་ངང་མཇུག་འགྲིལ་བ་དང་། སྐྱེལ་འདྲེན་བདེ་འཇགས་བརྟན་ཞིང་གོ་རིམ་ལྡན་ལ། རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར3.02དང་། རྒྱལ་ཁབ་ལྕགས་ལམ་ཐོག་རིམ་རྩིས་བྱས་ན་དངོས་ཟོག་ཏུན་དུང་ཕྱུར1.92སྐྱེལ་འདྲེན་བྱས་པ་དེ་དུས་མཉམ་ལས་སོ་སོར24.6%དང5.0%འཕར་ནས། འགྲུལ་པ་དང་དངོས་ཟོག་གཉིས་ཀ་མཉམ་དུ་འཕར་བའི་རྣམ་པ་བཟང་པོ་མངོན་ཡོད།

རྒྱལ་ཁབ་ལྕགས་ལམ་ཚོགས་པའི་སྐྱེལ་འདྲེན་པུའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གཉིས་ཀྱི་གུང་གསེང་རིང་ཡུལ་སྐོར་དང་། གཉེན་ཉེ་ཐུག་འཕྲད། སྤྲོ་གསེང་སོགས་ཀྱི་ཕྱིར་སྐྱོད་དང་དུས་ཆེན་དངོས་ཟོག་སྐྱེལ་འདྲེན་གྱི་དགོས་མཁོ་ཆེན་པོ་ཡོད་པས། ལྕགས་ལམ་སྡེ་ཚན་གྱིས་འགྲུལ་པ་དང་ཟོག་འདྲེན་གྱི་དགོས་མཁོ་ཆེན་པོ་དང་འཚམ་གང་ཐུབ་བྱས་ཏེ། སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་བས། ཡུལ་སྐོར་བ་རྣམས་གུང་གསེང་རིང་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ཕྱིར་སྐྱོད་བྱེད་པ་དང་། རྒྱལ་དམངས་དཔལ་འབྱོར་བརྟན་རླིང་ངང་འཁོར་སྐྱོད་ཐུབ་པར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་། ལྕགས་ལམ་གྱི་འགྲུལ་སྐྱེལ་དམིགས་ཚད་མང་པོ་ཞིག་གིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་ཉིན་རེར་ཆ་སྙོམས་འགྲུལ་སྐྱེལ་མེ་འཁོར་ཁྲི1.33བཏང་བ་དེ་དུས་མཉམ་ལས3.3%འཕར་བའི་ནང་ཟླ10པའི་ཚེས1ཉིན་འགྲུལ་སྐྱེལ་མེ་འཁོར14885བཏང་བ་དེས་ཉིན་གཅིག་གི་འགྲུལ་སྐྱེལ་ནུས་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། ཟླ10པའི་ཚེས་1ཉིན་འགྲུལ་པ་མི་ཐེངས་ཁྲི2520.4སྐྱེལ་འདྲེན་བྱས་པ་དེས་ཉིན་གཅིག་གི་འགྲུལ་པ་གཏོང་ཚད་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཟླ9པའི་ཚེས23ཉིན་མེ་འཁོར་སྤ་སེ་ཁྲི2973.7བཙོངས་ནས་ཉིན་གཅིག་གི་སྤ་སེ་བཙོངས་ཚད་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། 

དེ་དང་ཆབས་ཅིག རྒྱལ་ཁབ་ལྕགས་ལམ་གྱིས་ཉིན་རེར་ཆ་སྙོམས་འཁོར་སྒམ་ཁྲི19.7བླུགས་ནས་རིམ་རྩིས་བྱས་ན་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར1.92ཟིན་ནས། གློག་ཤུགས་རྡོ་སོལ་དང་། འབྲུ་རིགས། རྫས་ལུད་སོགས་རྒྱལ་ཇུས་དམངས་འཚོའི་གཙོ་གནད་དངོས་ཟོག་དང་། གུང་གསེང་སྐབས་སུ་དངོས་ཟོག་སྐྱེལ་འདྲེན་བྱ་རྒྱུར་འགན་ལེན་ནུས་ལྡན་བྱས་ཏེ། མི་དམངས་མང་ཚོགས་གུང་གསེང་སྐབས་སུ་ཕྱིར་སྐྱོད་བྱེད་པ་དང་རྒྱལ་དམངས་དཔལ་འབྱོར་བརྟན་རླིང་ངང་འཁོར་སྐྱོད་བྱེད་པར་ཞབས་ཞུ་ལེགས་པོ་བྱས་ཡོད། །


  • 顶