ཁྲག་ཤེད་རྒྱུན་དུ་མཐོ་རུ་འགྲོ་ན་མཁལ་མའི་གནད་དོན་ཡིན་སྲིད།
དང་པོར།
ཁྲག་སྨན་ཡང་དང་བསྐྱར་དུ་བརྗེ་ནའང་། ཁྲག་ཤེད་ད་དུང་ཇེ་དམའ་རུ་མི་འགྲོ་དོན་ཅི་རེད་ཟེར་ན། གནད་དོན་ནི་གནོན་ཤུགས་ཇེ་དམའ་རུ་གཏོང་བའི་ཐད་མིན་པར་དེ་ནི་མཁལ་མར་གནད་དོན་བྱུང་བ་རེད།
དེ་དང་ཆབས་ཅིག་མཁལ་མས་རྒྱུན་གཏན་མིན་པའི་ཟགས་ཐོན་འཕར་གནོན་དངོས་པོ་ཐོན་ནས་མཁྲེགས་འཛིན་རང་བཞིན་དང་མཁལ་མའི་རང་བཞིན་གྱི་ཁྲག་ཤེད་མཐོ་བའི་ནད་བྱུང་བ་རེད། དེའི་ནད་རྟགས་གཙོ་བོ་ནི་སྨན་རྫས་སྨན་བཅོས་ཀྱི་ཕན་འབྲས་ཞན་པ་དང་། ཁྲག་སྨན་སྣ་མང་སྤྱད་ཀྱང་ཁྲག་ཤེད་སྔར་བཞིན་འཕར་ཆག་ཆེ་བ་དང་ཚད་གཞི་ལོན་དཀའ་བ་དེ་རེད།

02གཉིས་པར།
ནད་རྟགས་འདི་དག་བྱུང་ན་གཟབ་གཟབ་བྱེད་དགོས།
མཚན་ལ་གཅིན་པ་རྒྱུན་ལྡན་མིན་པ། གཅིན་ནང་ལྦུ་བ་ཕྲ་མོ་ཐོན་པ་དང་། ལྷིང་འཇགས་སུ་སྐར་མ་ཁ་ཤས་བཞག་རྗེས་སྔར་བཞིན་ཡལ་མེད་པ་ནི་གཅིན་སྤྲི་དཀར་ཇེ་མཐོར་འགྲོ་བའི་ནད་རྟགས་རེད། མཚན་མོར་ཡར་ཐེངས་མང་ལངས་པ་དང་མཚན་མོར་གཅིན་པ་ཇེ་མང་དུ་འགྲོ་བ་དེས་མཁལ་མའི་ནུས་པར་གནོད་སྐྱོན་ཕོག་པའི་བརྡ་གཏོང་བ་རེད། གཅིན་མདོག་དམར་པོར་གྱུར་བའང་མཁལ་མའི་ནད་འགྱུར་གྱི་བརྡ་རྟགས་གལ་ཆེན་ཞིག་ཡིན།
རྒྱུ་མཚན་མེད་པར་ཆུ་བསགས་པ། ཞོགས་པ་ཡར་ལངས་དུས་མིག་དང་ངོ་སྐྲངས་པ། ཡང་ན་ཡུན་རིང་བསྡད་པ་དང་ཡུན་རིང་ལངས་རྗེས་རྐང་པ་སྐྲངས་པ། མནན་རྗེས་རྗེས་ཤུལ་ཀོང་ཀོང་ཡུན་རིང་ཆགས་ནའང་མཁལ་མའི་ཆུ་འབུད་རྙིང་ཚབ་གསར་བརྗེའི་ནུས་པ་ཞན་དུ་སོང་བ་ལས་བྱུང་བ་རེད།
ཁྲག་ཤེད་ཚོད་འཛིན་མི་ཐུབ་པ། གློ་བུར་དུ་ཁྲག་ཤེད་མཐོ་བའི་ནད་བྱུང་བའམ་ཡང་ན་ཁྲག་སྨན་ཅི་འདྲ་འཐུང་ནའང་ཚོད་འཛིན་མི་ཐུབ་ན་མཁལ་མའི་ནད་འགྱུར་སྔོན་ལ་གྲལ་བཤེར་བྱེད་དགོས།

ལུས་པོ་ཡོངས་མི་བདེ་བ། ཕོ་རྒྱུའི་ནད་མེད་ཀྱང་སྐྱུག་བྲོ་བ་དང་། ཡི་ག་མེད་པ། ཡུན་རིང་པོར་ལུས་ལ་ཤུགས་མེད་པ་དང་། ངོ་མདོག་སྐྱ་བོར་གྱུར་བ་བཅས་ནི་མཁལ་མའི་ནུས་པར་གནོད་སྐྱོན་ཐེབས་རྗེས། ལུས་པོའི་ནང་གི་དུག་རྒྱུ་བསགས་ནས་རྒྱུན་ལྡན་ལྟར་རྙིང་ཚབ་གསར་བརྗེ་བྱེད་མི་ཐུབ་པ་ལས་བྱུང་བའི་ལུས་ཡོངས་ཀྱི་ནད་རྟགས་རེད།
ཁྲག་ཤེད་མཐོ་བའི་ནད་པར་མཚོན་ན་ཁྲག་ཤེད་བརྟན་པོ་ཡོང་བར་བྱ་རྒྱུ་ནི་མཁལ་མ་སྲུང་སྐྱོང་བྱེད་པ་ཡིན་ལ། མཁལ་མ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེའང་ཁྲག་ཤེད་བརྟན་པོ་ཡོང་རྒྱུར་ཕན་ཐོགས་ཡོད། ཁྲག་ཤེད་མཐོ་བ་དང་། གཅིན་མངར་ནད། ཤ་རྒྱགས་པའི་མི་ཚོགས་བཅས་ནི་མཁལ་མར་གནོད་སྐྱོན་ཕོག་ཉེན་ཆེ་བའི་མི་ཚོགས་ཀྱི་ཁོངས་སུ་གཏོགས་པས་ལོ་ལྟར་གཟུགས་པོར་བརྟག་དཔྱད་བྱེད་སྐབས་ངེས་པར་དུ་གཅིན་བཤེར་དང་མཁལ་མའི་ནུས་པར་ཞིབ་བཤེར་བྱ་དགོས།
འཕྲིན་སྟེགས། weikangba