ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཉེ་ཆར་གཞི་གྲངས་ཁྱབ་བསྒྲགས་བྱས་པ་ལྟར་ན། 2026ལོའི་ཟླ1པོ་ནས་ཟླ8པའི་བར། རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ(སྐྱེ་གསོ་ཚུད་པ)ཐེབས་རྩའི་ཡོང་འབབ་བསྡོམས་པས་སྒོར་དུང་ཕྱུར20727.72ལ་སླེབས་པ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ(སྐྱེ་གསོ་ཚུད་པ)ཐེབས་རྩའི་འགྲོ་གྲོན་ཁྱོན་བསྡོམས་སྒོར་དུང་ཕྱུར15504.14ལ་སླེབས་པས། སྨན་བཅོས་འགན་བཅོལ་མ་དངུལ་སྤྱི་ཡོངས་ནས་བརྟན་བརླིང་ཡིན་པ་རེད།
གཞི་གྲངས་ལས་མངོན་པ་ལྟར་ན། གཞི་རྩའི་སྨན་བཅོས་འགན་བཅོལ(སྐྱེ་གསོ་ཚུད་པ)ཐེབས་རྩའི་ཡོང་འབབ་ཐད་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ(སྐྱེ་གསོ་ཚུད་པ)ཐེབས་རྩའི་ཡོང་འབབ་སྒོར་དུང་ཕྱུར12813.17ལ་སླེབས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ཡོང་འབབ་སྒོར་དུང་ཕྱུར7914.55ལ་སླེབས་ཡོད།
2026ལོའི་ཟླ་སྔོན་མ8ཀྱི་རིང་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ(སྐྱེ་གསོ་ཚུད་པ)ཐེབས་རྩའི་འགྲོ་གྲོན་སྒོར་དུང་ཕྱུར8893.49བཏང་བ་དང་། དེའི་ནང་སྐྱེ་གསོའི་འགན་བཅོལ་ཐོབ་ཐང་གི་འགྲོ་གྲོན་སྒོར་དུང་ཕྱུར889.29བཏང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་འགྲོ་གྲོན་སྒོར་དུང་ཕྱུར6610.65བཏང་ཡོད། །
འཕྲིན་སྟེགས། weikangba