མི་བདུན་གཏེར་དོང་ནང་ནས་གྲོངས་པ་དང་འབྲེལ་བའི་ཉེན་རྟོག་བརྡ་ཁྱབ།

2026-10-07
339

ཟླ་༡༠པའི་ཚེས་༥ཉིན་ཁྲུང་ཆིང་གྲོང་ཁྱེར་ཡིའུ་དབྱང་ཐུའུ་ཅ་རིགས་མིའོ་རིགས་རང་སྐྱོང་རྫོང་སྤྱི་བདེ་ཅུས་ཀྱིས་ཉེན་རྟོག་གནས་ཚུལ་བརྡ་ཁྱབ་སྤེལ་ནས་ཟླ་༡༠པའི་ཚེས་༣ཉིན་ཡིའུ་དབྱང་རྫོང་སྤྱི་བདེ་ཅུས་ལ་མང་ཚོགས་ཀྱི་ཉེན་ཞུ་ཁ་པར་འབྱོར་སྐབས་ཡིའུ་དབྱང་རྫོང་དང་ཤིའུ་ཧྲན་རྫོང་གི་འབྲེལ་མཚམས་སུ་བཀག་རྒྱ་བྱས་པའི་བེད་མེད་གཏེར་དོང་ཞིག་ཏུ་མི་བོར་བར་བཤད། མི་སྣ་འཚོལ་ཞིབ་བྱེད་པའི་རིང་སྤྱི་བདེ་ལས་ཁུངས་ཀྱིས་དུས་ཐོག་ཏུ་ཁྲིམས་འགལ་གྱིས་གཏེར་ཁ་རྐུ་འཕྲོག་བྱས་པའི་གྱོད་གཞི་ཞིག་རྩད་ཆོད་པ་དང་ད་ཆ་གཏེར་ཁ་རྐུ་འཕྲོག་བྱེད་མཁན་༢༡བཟུང་ཡོད་པ་རེད། བཀག་སྡོམ་བེད་མེད་གཏེར་དོང་དེའི་ནང་འདས་པོ་བདུན་རྙེད་ཡོད་པ་རེད། བརྟག་དཔྱད་ཞིབ་ཕྲ་བྱས་པ་ལྟར་ན། གཏེར་དོང་ནས་གཏེར་རྐུ་སྐབས་ཆར་པ་བབས་ནས་གཏེར་དོང་དུ་གློ་བུར་ཆུ་གང་ནས་ཤི་བ་རེད།

  • 顶