གུང་གསེང་རིང་འཕྲིན་ཕྲན་བར་སྟོང་དུ་པར་བདུན་པོ་འདི་སྤེལ་མི་རུང་།

2026-10-05
492

རྒྱལ་སྟོན་གུང་གསེང་རིང་མང་པོ་ཞིག་སྤྱི་ཚོགས་འབྲེལ་བའི་སྟེགས་བུའི་ཐོག་རང་ཉིད་ཀྱི་གུང་གསེང་གི་འཚོ་བའི་བརྙན་པར་སྤེལ་བར་དགའ་པོ་ཡོད། ཡིན་ནའང་བརྙན་པར་སོགས་འཕྲིན་ཕྲན་བར་སྟོང་དུ་བཀོད་དུས་སྣང་མེད་སྒོས་སྒེར་གྱི་ཆ་འཕྲིན་ཕྱིར་གྱར་ཉེན་ཡོད་པས་ངེས་པར་དུ་དེའི་ཕྱོགས་ནས་གཟབ་གཟབ་བྱ་དགོས།

སྒེར་དང་འབྲེལ་བའི་གཤམ་གྱི་པར་རིགས་བདུན་པོ་སྤྱི་ཚོགས་འབྲེལ་བའི་འཕྲིན་སྦྱོར་ཐོག་གམ་འཕྲིན་ཕྲན་བར་སྟོང་དུ་སྤེལ་མི་རུང་།

གཅིག གནས་ཡུལ་འཁོད་པའི་འདྲ་པར། འཕྲིན་ཕྲན་གྲོགས་ཚོམས་སུ་གནས་ཡུལ་འཁོད་པའི་འདྲ་པར་སྤེལ་ན་སྡོད་གནས་སམ་འགྲོ་ལམ་ཕྱིར་མངོན་སླ་བས་བདེ་འཇགས་ཐད་མངོན་མེད་རྐྱེན་ངན་འབྱུང་སྲིད།

གཉིས། ཐོབ་ཐང་ལག་ཁྱེར་དང་ལམ་ཡིག་ཁ་ལོ་དཔང་ཡིག ལག་ཁྱེར་དེ་དག་ཚང་མར་མི་སྒེར་གྱི་གསང་དོན་གལ་ཆེན་འཁོད་ཡོད་པས་དྲ་རྒྱའི་ཐོག་པར་རིས་གང་འདོད་དུ་བཏོན་མི་རུང་།

གསུམ། འཁོར་རྟགས་དང་འགྲིམ་འགྲུལ་དཔང་ཡིག་སོགས།

ཁྲིམས་འགལ་པས་འཁོར་རྟགས་ཀྱི་འདྲ་པར་རག་ཐབས་བྱེད་པ་དང་འབྲེལ་འཁོར་བདག་གི་ཆ་འཕྲིན་རྩད་བཅད་ནས་གློག་འཕྲིན་ཁ་བསླུས་རྒྱག་སྲིད།

མེ་འཁོར་སྤ་སེ་དང་གནམ་གྲུའི་འཛིན་བྱང་སོགས་འགྲིམ་འགྲུལ་འཛིན་ཡིག་ནང་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་སོགས་ཆ་འཕྲིན་གནད་ཆེན་འཁོད་ཡོད་པས་ཆ་འཕྲིན་རྐུ་འཁྱེར་བྱེད་པའི་ཉེན་ཁ་ཡོད་པ་རེད།

བཞི། དངུལ་བྱང་། དངུལ་ཁང་བྱང་བུའི་ཨང་གྲངས་ཆ་ཚང་དང་བྱང་བུའི་ཆ་འཕྲིན་གཞན་དག་གི་འདྲ་པར་ཕྱིར་བཏོན་ཚེ་ཁྲིམས་འགལ་པས་གཡོ་སྤྱོད་བྱས་ནས་རྒྱུ་ནོར་ལ་གྱོང་གུན་བཟོ་ཉེན་ཡོད།

ལྔ། མྱུར་སྐྱེལ་སྒམ་ཕྱེ་བའི་པར་དང་བརྙན།

མྱུར་སྐྱེལ་འབྱོར་རྗེས་མང་པོ་ཞིག་གིས་པར་དང་བརྙན་ལེན་པར་དགའ་པོ་ཡོད། ཡིན་ནའང་ཤོག་སྒོམ་ཕྱེ་བའི་པར་དང་བརྙན་ཆ་ཚང་བརྒྱུད་སྒེར་གྱི་ཆ་འཕྲིན་ཕྱིར་མངོན་ཉེན་ཡོད་ལ། ཁྲིམས་འགལ་པས་ཆ་འཕྲིན་གཡོ་སྤྱོད་བྱེད་སྲིད།

དྲུག རྒན་རྒོན་དང་ཕྲུ་གུའི་འབྲེལ་ཡོད་ཆ་འཕྲིན། རྒན་རྒོན་དང་ཕྲུ་གུའི་འདྲ་པར་དང་རུས་མིང་སོགས་ཕྱིར་མངོན་པར་བྱེད་ནས། ཁྲིམས་འགལ་པས་ཆ་འཕྲིན་དེ་དག་སྤྱད་དེ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བར་སྔོན་འགོག་བྱེད་དགོས།

བདུན། ཁྱིམ་གྱི་ལྡེ་མིག དེང་སང་པར་ལེན་ལག་རྩལ་བྱང་ཆ་ཆེ་བས་པར་རིས་ཐོག་ཡི་གེ་སོགས་གསལ་པོར་མཐོང་ཐུབ། གལ་ཏེ་ཁྱིམ་གྱི་ལྡེ་མིག་ཕྱིར་བཏོན་ན་ལྡེ་མིག་གི་བཟོ་ཆ་རྙོག་འཛིང་ཆེ་བ་ཞིག་མིན་པས། ཁྲིམས་འགལ་བྱེད་མཁན་གྱིས་པར་ལ་བརྟེན་ནས་ལྡེ་མིག་སྒྲིག་བཟོ་བྱས་ཏེ་ཁྱིམ་རྒྱུ་རྐུ་ཇག་ཏུ་ཤོར་བའི་ཉེན་ཁ་འབྱུང་སྲིད།

图片


སྒེར་གྱི་གསང་དོན་ཕྱིར་མི་གྱར་བའི་ཐབས་ལམ་གསུམ།

འཕྲིན་ཕྲན-སྒྲིག་འགོད-གྲོགས་པོའི་དབང་ཚད-ངའི་འཕྲིན་ཕྲན་སྣོན་སྟངས་ནང་ལག་ཐོགས་ཁ་པར་ཨང་གྲངས་བརྒྱུད་ང་འཚོལ་ཐུབ་ཅེས་པའི་བྱེད་ནུས་དེ་སྒོ་རྒྱག་དགོས།

སྒྲིག་འགོད-གྲོགས་པོའི་དབང་ཚད།-གྲོགས་པོའི་ཚོགས་ཞེས་པའི་གདམ་གའི་ནང་མི་རྒྱུས་མེད་ཀྱིས་གྲོགས་པོའི་ཚོགས་ཀྱི་དོན་ཚན་བཅུ་ལ་ལྟ་ཆོག་ཞེས་པའི་ཡི་གེ་དེ་སྒོ་རྒྱག་དགོས།

འཕྲིན་ཕྲན་ཉེ་འགྲམ་གྱི་མི་ཞེས་པའི་བྱེད་ནུས་ཀྱིས་ཁྱེད་ཀྱི་གནས་ཡུལ་གཏན་འཁེལ་བྱེད་ཐུབ། སྒྲིག་འགོད-བྱེད་ནུས་གཞན་པ-ཤོག་ངོས་རྙེད་པ-ཉེ་འགྲམ་གྱི་མི་ཞེས་པ་མནན་ནས་མི་མངོན་པ་ཞེས་པའི་རྟགས་དེ་འདེམས་དགོས།


  • 顶