ཕེ་པོ་གསར་འགྱུར་ཁང་དང་ཨ་རིའི་ཚན་རྩལ་འཕྲིན་སྦྱོར་མང་པོའི་སྒྲོག་གཏོང་ལ་གཞིགས་ན། ཨ་རིའི་ཁ་པར་དང་གློག་ཡིག་སྤྱི་གཉེར་ཁང་(AT&T)ཡི་འཕྲིན་གཏོང་ཞབས་ཞུ་བེད་སྤྱོད་པའི་iPhone 18 Pro Maxསྤྱོད་མཁན་ཁག་ཅིག་ལ་ཁ་པར་གནད་དོན་བྱུང་ནས་དྲ་བ་འབྲེལ་མི་ཐུབ་པས། ཁ་པར་གཏོང་མི་ཐུབ་པ་དང་། སྤོ་འགུལ་གཞི་གྲངས་བེད་སྤྱོད་མི་ཐུབ་པ། འཕྲིན་ཕྲན་བསྐུར་མི་ཐུབ་པ་བཅས་ཀྱི་གནས་ཚུལ་བྱུང་། གནད་དོན་ཡོད་པའི་ཁ་པར་གྱིས་སྐུད་མེད་དྲ་བ་ཁོ་ན་བེད་སྤྱོད་ཆོག
ཀུ་ཤུ་སྤྱི་གཉེར་ཁང་གིས་ས་གནས་དེ་གའི་དུས་ཚོད་ཟླ་བ་བཅུ་པའི་ཚེས་གཉིས་ཉིན་ལ་གནད་དོན་དེ་གཏན་ཁེལ་བྱས་པ་མ་ཟད། དབོར་གཉེར་ཚོང་བདག་གི་ལྷུ་སྒྲིག་གསར་བསྒྱུར་དང་iOS27.0.1པར་མའི་མ་ལག་སྤྱི་བསྒྲགས་བྱས་ནས། གནད་དོན་ཇེ་མང་འགྲོ་བར་སྔོན་འགོག་བྱས། ཡིན་ཡང་མ་ལག་གསར་བསྒྱུར་གྱིས་ཞབས་ཞུ་བརླག་པའི་ཁ་པར་སླར་གསོ་མི་ཐུབ་ཟེར། ཀུ་ཤུ་སྤྱི་གཉེར་ཁང་གིས་གནད་དོན་ཡོད་པའི་ཁ་པར་ལ་རིན་པ་མི་དགོས་པར་ཁ་པར་གསར་པར་བརྗེ་ཆོག་ཅེས་བཤད། སྒྲོག་གཏོང་ལ་གཞིགས་ན། མིག་སྔར་གནད་དོན་དེ་ཨ་རིའི་ཁ་པར་དང་གློག་ཡིག་སྤྱི་གཉེར་ཁང་(AT&T)ཡི་འབྲེལ་དྲྭ་སྤྱད་པའི་iPhone18 Pro Maxཁོ་ན་ལ་བྱུང་འདུག T-Mobileདང་Verizonལ་རིགས་འདྲའི་སྙན་གསེང་འབྱོར་མེད། དབོར་གཉེར་ཚོང་བདག་གཞན་དག་གི་འབྲེལ་དྲྭ་སྤྱད་པའི་iPhone 18 Pro Maxལ་གནད་དོན་མེད་ཟེར། ལས་རིགས་ནང་གི་མི་སྣའི་དབྱེ་ཞིབ་བྱས་པ་ལྟར་ན། ཨ་རི་དཔར་མའི་iPhone 18 Pro Maxགིས་ཀའོ་ཐང་ཞའོ་ལུང་X80མཐུན་བཅོས་ཆས་སྤྱད་ཡོད་པ་མ་ཟད། གསར་དུ་ངོས་འཛིན་བྱས་པའི་ཀུ་ཤུའི་ཧའོ་སྨི་རླབས་རབས་ལྔ་པའི་གནམ་སྐུད་མ་དཔེར་སྒྲིག་འཇུག་བྱས་ཡོད། ཨ་རི་ཕྱིའི་ས་ཁུལ་དུ་བཙོང་བའི་ཁ་པར་ལ་ཀུ་ཤུ་རང་གིས་ཞིབ་འཇུག་བྱས་པའི་iPhone 18 Proདང་iPhone 18 Pro Maxགིས་C2མཐུན་བཅོས་འཕྲུལ་ཆས་སྤྱད་ཡོད། ཡི་གེ་བསྐུར་བའི་བར། ཀུ་ཤུ་སྤྱི་གཉེར་ཁང་གིས་གནད་དོན་བྱུང་བའི་རྒྱུ་རྐྱེན་ཞིབ་ཕྲ་གཏན་ཁེལ་བྱས་མེད་ལ། ཀའོ་ཐང་གིས་ཀྱང་དེར་ཁ་ཡ་བྱས་མི་འདུག

འཕྲིན་སྟེགས། weikangba