འདས་ཟིན་པའི་ཟླ་བ་དགུ་པར་སྣུམ་རིན་བསྟུད་མར་ཐེངས་གཉིས་འཕར་ཡོད་པ་དང་། སྤྱི་ཟླ་བཅུ་པའི་ཚེས་བཅོ་ལྔ་ཉིན་གྱི་མཚན་གུང་ཆུ་ཚོད་བཅུ་གཉིས་ཐོག རེས་སྐོར་རྗེས་མའི་སྣུམ་རིན་འགྱུར་ལྡོག་འགྲོ་རྒྱུ་རེད།
མིག་སྔར་མ་བཅོས་སྣུམ་གྱི་རིན་གོང་འགྱུར་བ་འགྲོ་ཚད་བརྒྱ་ཆ་བཞི་མར་ཆག་པ་དང་། སྔོན་དཔག་ལྟར་ན་སྣུམ་རིན་ཏུན་རེར་སྒོར་ཉིས་བརྒྱ་དང་བཅུ་ཆག་རྒྱུ་དང་། ད་ལྟའི་ཆག་ཚད་ལྟར་ན་མ་འོངས་པར་རླངས་སྣུམ་དང་བུད་སྣུམ་གྱི་རིན་གོང་ཧྲེང་རེར་སྒོར་ཐིག་ཚེག་གཅིག་དྲུག་ནས་ཐིག་ཚེག་གཅིག་དགུ་བར་ཆག་རྒྱུ་རེད།

རྒྱང་རིང་ལ་སྐྱོད་མི་དགོས་པ་དང་སྣུམ་འདང་ངེས་ཡོད་པའི་ཁ་ལོ་བས་གནས་སྐབས་སྣུམ་མི་བླུག་པར་སྤྱི་ཟླ་བཅུ་པའི་ཚེས་བཅོ་ལྔ་ཉིན་སྣུམ་རིན་ཆག་རྗེས་སྣུམ་བླུག་ན་སྣུམ་རིན་ཅུང་ཟད་གྲོན་ཆུང་བྱ་ཐུབ། རྒྱལ་སྟོན་རིང་རླངས་འཁོར་བཏང་ནས་འགྲོ་མཁན་ཚོས་དགོས་མཁོ་ལྟར་སྣུམ་སྣོན་པ་ལས་ཨུ་ཚུགས་རྒྱག་རྒྱུ་མེད།
དམིགས་བསལ་དྲན་སྐུལ། འདི་ནི་མིག་སྔར་གྱི་རེས་འཁོར་གཞི་གྲངས་ཚོད་དཔག་ཡིན་པས། མཇུག་མཐའི་འཕར་ཆག་ལེགས་སྒྲིག་དེ་ཟླ་༡༠པའི་ཚེས༡༥ཉིན་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱི་བརྡ་ཐོ་གཞིར་འཛིན་དགོས།
འཕྲིན་སྟེགས། weikangba