ཞི་ཅིན་ཕིང་གིས་སི་ཁྲོན་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་པ།

2026-09-30
386

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཁྲོན་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ནས། སི་ཁྲོན་སློབ་ཆེན་བཙུགས་ནས་ལོ་འཁོར130ལོན་པའི་སྐབས་སུ་དགེ་སློབ་ལས་བཟོ་ཡོངས་དང་རྒྱ་ཆེའི་སློབ་གྲོགས་ཚོར་རྟེན་འབྲེལ་ཞུས་པ་རེད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁྱིམ་ཚང་དང་རྒྱལ་ཁབ་སེམས་སུ་བཅངས་བ་དང་། ནུབ་རྒྱུད་དུ་རྩ་བ་ཚུགས་པ། སློབ་གསོ་དར་སྤེལ་དང་འཇོན་མི་གསོ་སྐྱོང་བྱེད་པ་བཅས་ནི་སི་ཁྲོན་སློབ་ཆེན་གྱི་སྲོལ་རྒྱུན་བཟང་པོ་ཞིག་རེད། མགོ་འཛུགས་ས་གསར་པའི་ཐོག ཁྱེད་ཚོས་དམར་པོའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ནས་རིག་གནས་ཚན་རིག་དང་། རང་བྱུང་ཚན་རིག བཟོ་སྐྲུན་རིག་པ། གསོ་རིག་བཅས་ཕན་ཚུན་མཉམ་འདྲེས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། དུས་རབས་གསར་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ཁྲོད་གདོང་ལེན་པ་བྱས་ནས་མིག་དཔེ་བསྟན་ཏེ། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་དང་། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ། འཇོན་མིའི་སྟོབས་ལྡན་རྒྱལ་ཁབ་བཅས་འཛུགས་སྐྲུན་བྱེད་པར་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་དགོས།

སི་ཁྲོན་སློབ་ཆེན་ནི1896ལོར་བཙུགས་པའི་སི་ཁྲོན་ཀྲུང་ནུབ་སློབ་གྲྭ་ཡིན་ཞིང་། དེ་ནི་རང་རྒྱལ་གྱི་ལྷོ་ནུབ་ས་ཁུལ་དུ་བཙུགས་པའི་མཐོ་རིམ་སློབ་གསོའི་སྒྲིག་གཞི་སྔ་ཤོས་དེ་ཡིན། ཉེ་ཆར་སི་ཁྲོན་སློབ་ཆེན་གྱི་དགེ་སློབ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་སློབ་གྲྭའི་འཕེལ་རྒྱས་བརྒྱུད་རིམ་དང་སློབ་གཉེར་གྲུབ་འབྲས་སྙན་སེང་ཞུས་ཏེ། མེས་རྒྱལ་གྱི་ནུབ་རྒྱུད་དུ་རྩ་བ་ཚུགས་པ་དང་སློབ་གསོ་དར་རྒྱས་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཆོད་སེམས་མཚོན་པར་བྱས་ཡོད། །


  • 顶