ཉེ་ཆར། པེ་ཅིང་འགག་སྒོའི་ཁོངས་གཏོགས་ཀྱི་ཏ་ཞིང་གནམ་ཐང་འགག་སྒོ་ལས་ཁུངས་ཀྱིས་རྒྱལ་ཁོངས་སུ་འཛུལ་བའི་འགྲུལ་པའི་རྡོག་ཁྲེས་ལ་ལྟ་སྐུལ་དོ་དམ་བྱེད་སྐབས། “ལྗང་མདོག་བགྲོད་ལམ”བདམས་ནས་འགག་སྒོ་སྒྲོལ་བའི་འགྲུལ་པའི་རྡོག་ཁྲེས་དང་དངོས་ཟོག་ལ་འཕྲུལ་ཆས་ཀྱིས་ཞིབ་བཤེར་བྱས་པར་པར་རིས་རྒྱུན་གཏན་མིན་པ་ཤེས་པ་དང་། སྒམ་ཁ་ཕྱེ་ནས་ཞིབ་བཤེར་བྱས་པ་ན། ཡུལ་དངོས་ཀྱི་ལས་དོན་མི་སྣས་འགྲུལ་པ་དེའི་རྡོག་ཁྲེས་ནང་སྲོག་ཆགས་ཀྱི་པགས་པ་གཅིག་རྙེད་པ་རེད། གསལ་འབྱེད་བྱས་པ་བརྒྱུད། གོང་གསལ་གྱི་དངོས་རྫས་ནི་དོམ་པགས་ཡིན་པ་དང་། དོམ་རིགས་ནི《སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་རྒྱལ་སྤྱིའི་ཉོ་ཚོང་སྤྱི་ཆིངས》(CITES)ཀྱི་ཟུར་བཀོད་Iནང་གསལ་པོར་བཀོད་པའི་དངོས་རིགས་ཡིན་པ་རེད།

འཕྲིན་སྟེགས། weikangba