
ས་གནས་དེའི་དུས་ཚོད་ཟླ9པའི་ཚེས24ཉིན་གྱི་དགོང་མོར། ཨ་རིའི་སྲིད་འཛིན་ཐེ་རོམ་ཕུའུ་དང་ལྕམ་མོ་མའེ་ལ་ཉི་ཡ་ཡིས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་རྣམ་གཉིས་ལ་ཕོ་བྲང་དཀར་པོ་ནས་དགའ་བསུའི་རྒྱལ་ཁབ་གསོལ་སྟོན་བཤམས། འདི་ནི་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་དང་བཟའ་ཟླས་མཉམ་པར་རྒྱག་པའི་ཚུལ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ9པའི་ཚེས24ཉིན་གྱི་དགོང་མོར། ཨ་རིའི་སྲིད་འཛིན་ཐེ་རོམ་ཕུའུ་དང་ལྕམ་མོ་མའེ་ལ་ཉི་ཡ་ཡིས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་རྣམ་གཉིས་ལ་ཕོ་བྲང་དཀར་པོ་ནས་དགའ་བསུའི་རྒྱལ་ཁབ་གསོལ་སྟོན་བཤམས།

ས་གནས་དེའི་དུས་ཚོད་ཟླ9པའི་ཚེས24ཉིན་གྱི་དགོང་མོར། ཨ་རིའི་སྲིད་འཛིན་ཐེ་རོམ་ཕུའུ་དང་ལྕམ་མོ་མའེ་ལ་ཉི་ཡ་ཡིས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་རྣམ་གཉིས་ལ་ཕོ་བྲང་དཀར་པོ་ནས་དགའ་བསུའི་རྒྱལ་ཁབ་གསོལ་སྟོན་བཤམས། འདི་ནི་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་དང་བཟའ་ཟླས་མཉམ་པར་རྒྱག་པའི་ཚུལ་རེད།
ཞི་ཅིན་ཕིང་དང་ཕིན་ལི་ཡོན་རྣམ་གཉིས་ཕོ་བྲང་དཀར་པོར་ཕེབས་སྐབས། ཐེ་རོམ་ཕུའུ་དང་མའེ་ལ་ཉི་ཡས་སྤྲོ་སེམས་འཁོལ་བའི་དགའ་བསུ་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་དང་བཟའ་ཟླས་མཉམ་པར་བརྒྱབ་པ་མ་ཟད། གསོལ་སྟོན་ལ་ཞུགས་པའི་སྐུ་མགྲོན་ལ་མཇལ་འཕྲད་གནང་།
གསོལ་སྟོན་མགོ་བརྩམས་རྗེས། ཞི་ཅིན་ཕིང་དང་ཐེ་རོམ་ཕུའུ་ཡིས་སོ་སོར་ཤིས་ཚིག་ཕུལ།

ས་གནས་དེའི་དུས་ཚོད་ཟླ9པའི་ཚེས24ཉིན་གྱི་དགོང་མོར། ཨ་རིའི་སྲིད་འཛིན་ཐེ་རོམ་ཕུའུ་དང་ལྕམ་མོ་མའེ་ལ་ཉི་ཡ་ཡིས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་རྣམ་གཉིས་ལ་ཕོ་བྲང་དཀར་པོ་ནས་དགའ་བསུའི་རྒྱལ་ཁབ་གསོལ་སྟོན་བཤམས། འདི་ནི་ཞི་ཅིན་ཕིང་གིས་ཤིས་ཚིག་འབུལ་བའི་ཚུལ་རེད།
ཞི་ཅིན་ཕིང་གིས་ཀྲུང་ཨའི་འབྲེལ་བའི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བཞིན་པའི་ཨ་རིའི་ལས་རིགས་སོ་སོའི་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་ཟླ་མཆོད་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོའི་ཟླ5པར། སྲིད་འཛིན་ཐེ་རོམ་ཕུའུ་ཡིས་ཀྲུང་གོར་བདེ་བླག་ངང་འཚམས་འདྲི་གནང་། ལོ་ཕྱེད་ཙམ་གྱི་རིང་ལ། ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཕན་ཚུན་རྒྱལ་ཁབ་ཏུ་འཚམས་འདྲི་གནང་བ་མངོན་འགྱུར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་འདྲིས་ཀྱི་ལོ་རྒྱུས་བཏོད་ཡོད། ཐེངས་འདིའི་འཚམས་འདྲི་ཡིས་ཐུན་མོང་གི་ངོས་འཛིན་གསར་བ་མང་པོ་གཅིག་མཐུན་བྱུང་བ་དང་། ཀྲུང་ཨའི་འཛུགས་སྐྲུན་རང་བཞིན་གྱི་འཐབ་ཇུས་གཏན་འཇགས་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཀྲུང་ཨའི་འབྲེལ་བར་འཐབ་ཇུས་ཀྱི་མཛུབ་ཁྲིད་གསར་བ་འདོན་སྤྲོད་བྱས་ཡོད།

ས་གནས་དེའི་དུས་ཚོད་ཟླ9པའི་ཚེས24ཉིན་གྱི་དགོང་མོར། ཨ་རིའི་སྲིད་འཛིན་ཐེ་རོམ་ཕུའུ་དང་ལྕམ་མོ་མའེ་ལ་ཉི་ཡ་ཡིས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་རྣམ་གཉིས་ལ་ཕོ་བྲང་དཀར་པོ་ནས་དགའ་བསུའི་རྒྱལ་ཁབ་གསོལ་སྟོན་བཤམས། འདི་ནི་ཞི་ཅིན་ཕིང་གིས་ཤིས་ཚིག་འབུལ་བའི་ཚུལ་རེད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་ངོ་ཉིས་བརྒྱ་ལྷག་ཙམ་གྱི་སྔོན་ལ། ཨ་རི་རང་བཙན་བྱུང་མ་ཐག་ཏུ་མིག་རྒྱང་ཀྲུང་གོར་གཏད་པ་རེད། ཀྲུང་གོ་དང་ཨ་རིའི་ཕྱོགས་གཉིས་ཀྱིས་ཕན་ཚུན་ཁ་གསབ་བྱེད་རེས་བྱས་ནས་ཚོང་དོན་འབྲེལ་བ་མགོ་ཚུགས་པ་རེད། ལོ80ལྷག་གི་སྔོན་ལ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་མཉམ་དུ་འཐབ་འཛིང་བྱས་ཏེ། འཇར་པན་དམག་རྒྱལ་རིང་ལུགས་པའི་བཙན་འཛུལ་པར་ངོ་རྒོལ་བྱས་པ་དེ་ནི་ཁྲག་དྲོན་གྱིས་བསྐྲུན་པའི་མཛའ་བརྩེ་ཡིན་ལ། དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས། ལོ50ལྷག་གི་གོང་དུ་ཕིན་ཕང་ཕྱི་འབྲེལ་གྱིས་ཡུན་རིང་སྒོ་བརྒྱབ་པའི་འགྲོ་འོང་གི་སྒོ་མོ་ཕྱེས་པ་དང་། ཀྲུང་གོ་དང་ཨ་རིའི་ཆབ་སྲིད་མཁས་པ་རྒན་རབས་ཚོས"སྤོ་ཆུང་གིས་གོ་ལ་ཆེན་པོ་བསྐོར་བའི"བློ་གྲོས་ཆེན་པོར་བརྟེན་ནས། ཀྲུང་གོ་དང་ཨ་རིའི་འབྲེལ་བ་རྒྱུན་ལྡན་ཅན་དུ་འགྱུར་བའི་བརྒྱུད་རིམ་རླབས་ཆེན་པོ་ཞིག་བཏོད་པ་རེད། ལོ་ངོ20ཙམ་གྱི་སྔོན་དུ། མིང་ལ་སའེ་ཁོ་སི་ཟེར་བའི་ཨ་རིའི་མི་ཞིག་གིས་ཀྲུང་གོ་བྱེ་བཅོས་མཁན་དབྱིན་ཡུས་ཀྲེན་ལ་ཤིང་འཛུགས་རོགས་དངུལ་སྤྲད་ཅིང་། ཁོང་ཚོའི་གཏམ་རྒྱུད་དེས་ཀྲུང་གོའི་མང་ཚོགས་མང་པོར་སེམས་འགུལ་ཐེབས་སུ་བཅུག་པ་མ་ཟད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་མཛའ་མཐུན་ངང་འབྲེལ་འདྲིས་བྱེད་པའི་དཔེ་མཚོན་བཟང་པོ་ཞིག་ཀྱང་ཆགས་ཡོད། ཀྲུང་གོ་དང་ཨ་རིའི་རིག་གནས་སྤེལ་རེས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་སེམས་པ་གཅིག་མཐུན་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པས། ཀྲུང་གོ་དང་ཨ་རིའི་མཛའ་གྲོགས་མཉམ་ལས་ཐད་དམངས་འདུན་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། དེ་རིང་ཀྲུང་གོ་དང་ཨ་རིའི་འབྲེལ་བ་སླར་ཡང་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བར་གནས་ཡོད། སྲིད་འཛིན་ཐེ་རོམ་ཕུའུ་ཡིས་ཨ་རི་ཡང་བསྐྱར་གཟི་བརྗིད་ལྡན་པར་བཟོ་རྒྱུའི་འདུན་པ་བཏོན་པ་ལྟར། ཀྲུང་གོས་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད། དམིགས་ཡུལ་འདི་གཉིས་ཀ་ཧ་ཅང་བརྗིད་ཉམས་ཆེ་བ་ཤ་སྟག་ཡིན་ལ། ཕན་ཚུན་གྲུབ་འབྲས་ཐོབ་ཐུབ་པ་ཞིག་ཡིན། ཕྱོགས་གཉིས་ཀས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་དགོས་ལ། མི་དམངས་ཀྱི་རེ་སྒུག་དང་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་མོ་དང་བསྟུན་ནས། རྒྱལ་ཁབ་ཆེན་པོའི་ཡང་དག་པའི་འབྲེལ་འདྲིས་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་དགོས། ལོ་རྒྱུས་ཀྱི་ཆུ་བོ་བར་མེད་དུ་བཞུར་བཞིན་པ་ལྟར། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་མཛའ་མཐུན་བྱ་གཞག་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡིན། ཕྱོགས་གཉིས་ཀས་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ་དང་། ཐུན་མོང་ཐོག་ཀྲུང་གོ་དང་ཨ་རིའི་མཛའ་གཅུགས་མེ་ཏོག་གསོ་སྐྱོང་བྱེད་དགོས་ལ། ཐུན་མོང་ཐོག་ཀྲུང་གོ་དང་ཨ་རིའི་མཛེས་སྡུག་གི་མཛའ་མཐུན་གྱི་ལེའུ་གསར་བ་འབྲི་དགོས།

ས་གནས་དེའི་དུས་ཚོད་ཟླ9པའི་ཚེས24ཉིན་གྱི་དགོང་མོར། ཨ་རིའི་སྲིད་འཛིན་ཐེ་རོམ་ཕུའུ་དང་ལྕམ་མོ་མའེ་ལ་ཉི་ཡ་ཡིས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་རྣམ་གཉིས་ལ་ཕོ་བྲང་དཀར་པོ་ནས་དགའ་བསུའི་རྒྱལ་ཁབ་གསོལ་སྟོན་བཤམས། འདི་ནི་ཞི་ཅིན་ཕིང་གིས་ཤིས་ཚིག་འབུལ་བའི་ཚུལ་རེད།
ཐེ་རོམ་ཕུའུ་ཡིས་བསྟན་དོན། ང་འདི་ལོའི་ཟླ5པར་ཀྲུང་གོར་འཚམས་འདྲིར་སྐྱོད་སྐབས། ཀྲུང་གོ་མི་དམངས་ཀྱི་སྤྲོ་སེམས་དང་མཛའ་མཐུན་གྱིས་ང་ལ་མཛེས་སྡུག་གི་བག་ཆགས་ཟབ་མོ་ཞིག་བཞག་བྱུང་། དོ་དགོང་རྒྱལ་ཁབ་གཉིས་ཀྱི་ལས་རིགས་ཁག་གི་མི་སྣ་རྣམས་མཉམ་དུ་འཛོམས་ནས་ཨ་རི་དང་ཀྲུང་གོའི་དབར་གྱི་ལེ་བར་ཁྲི་ཕྲག་བརྒལ་བ་དང་ལོ་བརྒྱ་ལྷག་རྒྱུན་མཐུད་བྱས་པའི་མཛའ་གྲོགས་ལ་རྟེན་འབྲེལ་ཞུ་བཞིན་ཡོད། ཨ་རི་དང་ཀྲུང་གོ་གཉིས་ཀ་རིག་གནས་ཡུན་རིང་ལྡན་པ་ཞིག་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་དུས་ཡུན་རིང་པོར་ཕན་ཚུན་མཛའ་མཐུན་འགྲོ་འོང་བྱས་ཡོད། ལམ་ལུགས་མི་འདྲ་བ་ཡོད་ཀྱང་ཨ་ཀྲུང་མཛའ་གྲོགས་ནི་དུས་ནམ་ཡང་བརྟན་པོ་ཡིན། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་ཕན་ཚུན་བརྩི་བཀུར་རྒྱུན་འཁྱོངས་བྱེད་པ་དང་། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་གསོ་སྐྱོང་བྱས་ཏེ། བུ་རབས་ཚ་རྒྱུད་ཚོར་ཡུན་རིང་གི་ཞི་བདེ་དང་དར་རྒྱས་བསྐྲུན་རྒྱུ་ཡིན།
གསོལ་སྟོན་གྱི་རྣམ་པ་མཛའ་བརྩེ་ལྡན་ལ་སྤྲོ་སེམས་འཁོལ་བ་ཞིག་ཡིན། དེའི་སྐབས་སུ་ཨ་རིའི་སྒྱུ་རྩལ་པས་ངོ་མཚར་བའི་རིག་རྩལ་འཁྲབ་སྟོན་བྱས།
ཚའེ་ཆི་དང་ཝང་དབྱི། ཧོ་ལི་ཧྥིན་སོགས་གསོལ་སྟོན་ལ་ཞུགས། །
འཕྲིན་སྟེགས། weikangba