ཧན་ཀྲེང་གིས་ཁམ་ཕུ་ཁྲེའི་རྒྱལ་པོ་ཞི་ཧ་མོ་ཉི་དང་རྒྱལ་ཡུམ་མོ་ཉི་ལེ་ལ་མཇལ་འཕྲད་གནང་།

2026-09-24
265

ཟླ9པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་པེ་ཅིང་དུ་ཁམ་ཕུ་ཁྲེའི་རྒྱལ་པོ་ཞི་ཧ་མོ་ཉི་དང་རྒྱལ་ཡུམ་མོ་ཉི་ལེ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་པེ་ཅིང་དུ་ཁམ་ཕུ་ཁྲེའི་རྒྱལ་པོ་ཞི་ཧ་མོ་ཉི་དང་རྒྱལ་ཡུམ་མོ་ཉི་ལེ་ལ་མཇལ་འཕྲད་གནང་།

ཧན་ཀྲེང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་རྣམ་གཉིས་ཀྱི་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་སྒྲོག་གནང་། ཀྲུང་གོ་དང་ཁམ་ཕུ་ཁྲེའི་བར་གྱི་མཛའ་བརྩེ་ཟབ་མོ་དེ་ཀྲུང་གོའི་རྒན་རབས་འགོ་ཁྲིད་པ་དང་རྒྱལ་ཡབ་ཞི་ཧ་ནུའུ་ཁི་ཡིས་མཉམ་དུ་བསྐྲུན་པ་དང་དགོངས་པས་སྐྱེད་སྲིང་བྱས་པ་ཡིན། དེ་ནི་ཆར་རླུང་དྲག་པོ་བརྒྱུད་རུང་བྲག་རི་ལྟར་བརྟན་པོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་པོ་ཞི་ཧ་མོ་ཉིའི་འཐབ་ཇུས་མཛུབ་ཁྲིད་འོག རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་དུས་རིམ་གསར་པར་སླེབས་ཡོད། ཀྲུང་གོས་ཁམ་ཕུ་ཁྲེ་ཕྱོགས་དང་ལག་གདང་སྦྲེལ་ནས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ལོན་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་བརྩེ་མི་སེམས་ལ་སིམ་པ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་འདོད་ཡོད་ཅེས་བསྟན།

ཞི་ཧ་མོ་ཉི་དང་མོ་ཉི་ལེ་ཡིས་བསྟན་དོན།  ཁམ་ཕུ་ཁྲེ་དང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། འགོ་ཁྲིད་རྒན་རབས་པའི་བསྐྲུན་པའི་མཛའ་བརྩེ་ཟབ་མོ་ལག་གདང་སྦྲེལ་ནས་སྲ་བརྟན་དུ་གཏོང་དགོས་ལ། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེར་འཚམས་འདྲི་གནང་ནས། དུས་རབས་གསར་བའི་དུས་དང་རྣམ་པ་ཀུན་གྱི་ཀྲུང་ཁམ་ལས་སྐལ་གཅིག་མཐུན་ཚོགས་པའི་ལེའུ་གསར་པ་བརྩམས་ཡོད། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུང་གོའི་རྒྱལ་ཁབ་དར་ཞིང་མི་དམངས་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས། །


  • 顶