ཟླ9པའི་ཚེས21ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གིས“རྒྱལ་དར་ལ་གུས་འདུད་ཞུ”བའི་ཞང་ཀང་དང་ཨའོ་མོན་གྱི་ན་གཞོན་དར་བསྒྲེངས་རུ་ཁག་གི་པེ་ཅིན་འཚམས་འདྲི་ཚོགས་པར་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས21ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གིས“རྒྱལ་དར་ལ་གུས་འདུད་ཞུ”བའི་ཞང་ཀང་དང་ཨའོ་མོན་གྱི་ན་གཞོན་དར་བསྒྲེངས་རུ་ཁག་གི་པེ་ཅིན་འཚམས་འདྲི་ཚོགས་པར་ཐུག་འཕྲད་གནང་།
ཏིན་ཞུའེ་ཞང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་འཚམས་འདྲི་ཚོགས་པར་གནང་བའི་བྱམས་བརྩེའི་འཚམས་འདྲི་བརྒྱུད་སྒྲོག་བྱས་པ་མ་ཟད། ཀྲུང་དབྱང་སྲིད་གཞུང་གི་ཚབ་ཞུས་ནས་ཚང་མར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས།
ཏིན་ཞུའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ང་ཀང་དང་ཨའོ་མོན་གྱི་ན་གཞོན་འཚར་ལོངས་ལ་ཐུགས་ཁུར་དང་བྱམས་བརྩེ་གནང་བཞིན་ཡོད་ལ། ཞང་ཀང་དང་ཨའོ་མོན་གྱི་ན་གཞོན་གྱི་འཕེལ་རྒྱས་ཡག་པོ་སོང་ན། ཞང་ཀང་དང་ཨའོ་མོན་གྱི་འཕེལ་རྒྱས་ལེགས་པོ་འབྱུང་ཐུབ་ལ། རྒྱལ་ཁབ་འཕེལ་རྒྱས་ཡག་པོ་ཡོང་ཐུབ། ཞང་ཀང་དང་ཨའོ་མོན་གྱིས་ལོ་རྒྱུས་སྟེང་ཆེས་ལེགས་པའི་འཕེལ་རྒྱས་ཀྱི་དུས་སྐབས་བསུས་པ་དང་། སློབ་གྲོགས་རྣམས་ཀྱིས་རྒྱལ་དར་ལ་ཤེས་རྟོགས་གསལ་མོ་བྱས་ཏེ། རླབས་ཆེའི་མེས་རྒྱལ་གྱི་བརྩེ་བ་དེ་ཁྲག་རྒྱུན་ཁྲོད་འདྲེས་པར་བྱེད་པ་དང་བྱ་སྤྱོད་སྟེང་མངོན་པར་བྱེད་དགོས། རྒྱལ་དར་སྲུང་སྐྱོང་བྱེད་ན། དུས་རབས་གསར་པའི་རྒྱལ་གཅེས་ཀང་གཅེས་དང་ཨའོ་གཅེས་ཀྱི་དཔེ་དམག་བྱེད་དགོས། རྒྱལ་དར་ལ་གཟི་བརྗིད་བསྣན་ནས་ལང་ཚོའི་གཟི་འོད་ཀྱིས་འོད་སྟོང་འབར་བའི་མི་ཚེ་རྩོམ་དགོས་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལས་དོན་གྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཡག་པོ་བྱེད་དགོས་པའི་རེ་བ་ཡོད།
ཞང་ཀང་དང་ཨའོ་མོན་གྱི་སློབ་གྲྭ་ཆུང་འབྲིང་གི་དར་བསྒྲེངས་རུ་ཁག་གི་འཐུས་མི་སོགས་མི1200ལྷག་པེ་ཅིན་འཚམས་འདྲི་ཚོགས་པར་ཞུགས།
ཞ་པའོ་ལུང་ཐུག་འཕྲད་ལ་ཞུགས། །
འཕྲིན་སྟེགས། weikangba