ཝང་ཧུའུ་ཉིང་གིས་ཧིན་རྡུ་ཉི་ཞི་ཡའི་མི་དམངས་སྲིད་གྲོས་ཚོགས་འདུའི་ཀྲུའུ་ཞི་མུའུ་ཀྲ་ཉི་ལ་ཐུག་འཕྲད་གནང་བ།

2026-09-23
331

ཟླ9པའི་ཚེས21ཉིན། རྒྱལ་ཡོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིན་དུ་ཧིན་རྡུ་ཉི་ཞི་ཡའི་མི་དམངས་སྲིད་གྲོས་ཚོགས་འདུའི་ཀྲུའུ་ཞི་མུའུ་ཀྲ་ཉི་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས21ཉིན་པེ་ཅིན་དུ་ཧིན་རྡུ་ཉི་ཞི་ཡའི་མི་དམངས་སྲིད་གྲོས་ཚོགས་འདུའི་ཀྲུའུ་ཞི་མུའུ་ཀྲ་ཉི་ལ་ཐུག་འཕྲད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། ན་ནིང་ཞི་ཅིན་ཕིང་གིས་སྲིད་འཛིན་ཕུའུ་ལ་པའོ་ཝུའོ་དང་བྱམས་བརྩེའི་ངང་ཐུག་འཕྲད་གནང་སྟེ། ཀྲུང་ཧིན་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ཐད་འཐབ་ཇུས་ཀྱི་མཛུབ་སྟོན་གསར་བ་གནང་ཡོད། ཀྲུང་གོས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་དངོས་འབེབས་བྱས་ཏེ། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་དང་། ཀྲུང་ཧིན་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་བྱེད་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཧིན་རྡུ་ཉི་ཞི་ཡ་པའི་མཐུན་ཚོགས་དང་བརྗེ་རེས་འབྲེལ་མཐུད་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པར་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་དེང་རབས་ཅན་གྱི་ལས་དོན་དང་ཕྱོགས་གཉིས་ཀྱི་འབྲེལ་བར་སྐུལ་འདེད་གཏོང་ཆེད་སྔར་ལས་ཆེ་བའི་བྱས་རྗེས་ཆེན་པོ་འཇོག་དགོས།

མུའུ་ཀྲ་ཉི་ཡིས་བསྟན་དོན། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱད་ཐད་བླངས་པའི་གྲུབ་འབྲས་ལ་བསྟོད་བསྔགས་ཚད་མཐོན་པོ་གནང་གིན་ཡོད་ལ། ཀྲུང་གོ་དེ་སློབ་སྦྱོང་གི་མིག་དཔེར་བཟུང་ཡོད། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་གཅིག་གི་སྲིད་ཇུས་བརྩི་སྲུང་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་དངོས་བརྩོན་མཉམ་ལས་གཏིང་ཟབ་དུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་འདོད་ཡོད། ཧིན་རྡུ་ཉི་ཞི་ཡ་པའི་མཐུན་ཚོགས་ཀྱིས་ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་དང་བརྗེ་རེས་འབྲེལ་གཏུགས་ལ་ཤུགས་བསྣན་ནས། སྔར་ལས་ལྷག་པར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

ཝང་ཡུང་དང་ཝང་ཏུང་ཧྥིན་སོགས་ཐུག་འཕྲད་ལ་ཞུགས། །


  • 顶