རྨ་ཆུ་སྔོན་མོས་དམངས་ལ་ཕན་བདེ་བསྐྲུན།

2026-09-23
377

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ཡུན་རིང་ལ་ཇུས་འགོད་དང་། ད་ལྟའི་དུས་ལ་འབད་པས་སྒྲུབ་པ། འཆར་འགོད་དོན་འཁྱོལ་ལེགས་པོ་བྱེད་པ། རིམ་པ་བཞིན་ལེགས་པར་བསྒྲུབ་ནས། རྨ་ཆུས་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པ་བྱེད་དགོས།

མིག་སྔར་རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོས་ཆུ་ལ་བསྟུན་ནས་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ཆུའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ། སྐྱེ་ཁམས་ཀྱི་དགེ་མཚན་དེ་འཕེལ་རྒྱས་དང་དམངས་ཕྱུག་གི་དགེ་མཚན་དུ་བསྒྱུར་ནས། མང་ཚོགས་ལ་རྨ་ཆུ་སྲུང་སྐྱོབ་དང་བཅོས་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་བྱས།

སྟོན་རླུང་ལྡང་བ་ན། སྡིག་སྲིན་འཚོ་བཅུད་འཛོམས། རྨ་ཆུ་རྒྱ་མཚོ་རུ་འབབ་སར་གནས་པའི་ཧྲན་ཏུང་ཏུང་ཡུན་དུ་སྡིག་སྲིན་འཛིན་པའི་དུས་ཚིགས་ལ་སླེབས་ཡོད། སྡིག་སྲིན་ཆེན་པོ་རེ་རེ་བཞིན་སྒམ་དུ་བཅུག་ནས་ཁྲོམ་རར་སྐྱེལ་བཞིན་ཡོད། འདི་ནི་སྔོན་ཆད་བ་ཚྭ་ཅན་གྱི་གྲམ་ཐང་ཞིག་ཡིན་ལ། ད་ལྟ་ས་གནས་ཀྱིས་རྨ་ཆུ་རྫིང་བུར་དྲངས་ནས་བ་ཚྭ་ཅན་གྱི་ས་ཞིང་དང་འདྲེས་པར་བྱས་ཏེ། ཚྭ་ཉུང་འཚམ་མཐུན་གྱི་གསོ་སྤེལ་ཆུ་གཤིས་གྲུབ་ཡོད་ལ། རྨ་ཆུའི་བྲོ་བ་ཐུན་མོང་མ་ཡིན་པའི་སྡིག་སྲིན་ཆེན་པོ་གསོས་ཡོད། སྔོན་རྩིས་བྱས་ན་ད་ལོའི་གྲོང་ཁྱེར་ཡོངས་ཀྱི་སྡིག་སྲིན་གྱི་ཐོན་ཚད་ཏུན་དགུ་སྟོང་ལ་སླེབས་ངེས་ཤིང་། ཐོན་ཐང་སྒོར་ཐེར་འབུམ་གཅིག་དུང་ཕྱུར་གཉིས་ལས་བརྒལ་རྒྱུ་རེད།

རྨ་ཆུའི་འབབ་རྒྱུད་ཡོངས་ལ་བལྟས་ན། རྨ་ཆུས་སྡིག་སྲིན་ལྟ་བུའི་དམངས་ཕྱུག་ཐོན་ལས་གསོ་སྐྱོང་བྱས་པ་མ་ཟད། འགྲམ་རྒྱུད་ཀྱི་ས་ཞིང་ལ་ཆུ་འདྲེན་པ་དང་བཟོ་ལས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་བཞིན་འདུག འོན་ཀྱང་། ཆུ་ཆེན་འདི་འཛད་མེད་ཅིག་མིན། རྨ་ཆུའི་ཐོན་ཁུངས་ཀྱིས་རྒྱལ་ཡོངས་གཙང་བོའི་སྤྱིའི་བཞུར་ཚད་ཀྱི2%ལས་ཟིན་མེད་མོད། འོན་ཀྱང་རྒྱལ་ཡོངས་ཀྱི་མི་འབོར12%དང་རྨོ་ཞིང་17%གསོ་སྐྱོང་བྱས་ནས། གྲོང་ཁྱེར་ཆེ་འབྲིང50ལྷག་གི་ཆུ་སྤྱོད་ལ་འགན་སྲུང་བྱས་ཡོད།

རྨ་ཆུའི་འབབ་རྒྱུད་ཀྱི་ཆུའི་ཐོན་ཁུངས་དཀོན་པའི་འགལ་བ་ཆེ་ཤོས་འདིར་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “རྨ་ཆུའི་ཐོན་ཁུངས་ཚད་འདི་ཙམ་ལས་མེད་ལ། སྐྱེ་ཁམས་འཛུགས་སྐྱོང་བྱེད་པར་ཆུ་སྤྱོད་དགོས་ཤིང་། དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། ཟ་མ་དང་འཚོ་བ་སྐྱེལ་བར་ཡང་ཆུ་དང་འབྲལ་ཐབས་མེད་པས། ཆུའི་མཁོ་སྤྲོད་འཛད་མེད་ཐོན་ཁུངས་སུ་བརྩི་མི་རུང་། “ཆུའི་ཐོན་ཁུངས་དེ་འགྱུར་མེད་འཆུན་འདོམས་ཆེ་ཤོས་སུ་བརྩིས་ནས། མི་འབོར་དང་གྲོང་ཁྱེར། ཐོན་ལས་འཕེལ་རྒྱས་བཅས་འཆར་འགོད་ལུགས་མཐུན་བྱ་དགོས།” རྨ་ཆུའི་སྟོད་རྒྱུད་ཀྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “ཀྲུང་ཧྭའི་ཆུ་མཛོད་ལེགས་པོར་སྲུང་ནས། ཆུ་ཁུངས་གསོ་སྐྱོང་ནུས་པ་མཐོ་རུ་གཏོང་བ་དང་སྤུས་ལེགས་སྐྱེ་ཁམས་ཐོན་རྫས་སྔར་ལས་མང་པོ་གསར་སྐྲུན་བྱེད་དགོས། རྨ་ཆུའི་དབུས་རྒྱུད་ཀྱི་ས་སེར་མཐོ་སྒང་དང་རྨ་ཆུའི་ཁུགས་སོའི་ས་ཁོངས་སུ། ཁོང་གིས་ས་ཆུ་སྲུང་འཛིན་དང་སྦགས་བཙོག་ལེགས་བཅོས་དམ་འཛིན་ཡག་པོ་བྱས་ཏེ། དེང་རབས་ཀྱི་ཆོད་ཆེའི་ཞིང་ལས་དང་ཆུ་གྲོན་ཆུང་གི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། རྨ་ཆུ་རྒྱ་མཚོར་འབབ་ས་རུ། སྤྱི་ཁྱབ་ཧྲུའུ་ཅིས་ས་གནས་དེ་གས་རྨ་ཆུའི་ཟུར་གསུམ་གླིང་གི་བརླན་སར་སྲུང་སྐྱོབ་ཡག་པོ་བྱས་ནས། བ་ཚྭ་ཅན་གྱི་གསར་སྤེལ་བེད་སྤྱོད་ཀྱི་བག་ཤུགས་སྔོག་འདོན་བྱེད་དགོས་པའི་མངག་བཅོལ་གནང་།

ཆུ་ལ་བརྟེན་ནས་འཕེལ་རྒྱས་གཏོང་བར་ཐོག་མར་ཆུ་གྲོན་ཆུང་གི་རྩིས་རྒྱག་དགོས། ཞིང་ལས་ནི་རྨ་ཆུའི་ཆུ་སྤྱོད་ཚད་མང་ཤོས་དེ་ཡིན་ཞིང་། ཆུའི་ཟད་གྲོན་ཚད་རྨ་ཆུའི་སྤྱིའི་ཆུ་བཀོལ་ཚད་ཀྱི་བཅུ་ཆའི་བརྒྱད་ལ་ཉེ་བ་རེད། རྨ་ཆུའི་ཁུགས་སོའི་ཆུ་འདྲེན་ཁུལ་ནི་རང་རྒྱལ་གྱི་ཞིང་ཆུ་གཏོང་ཁུལ་ཆེ་གྲས་གསུམ་གྱི་གྲས་ཤིག་ཡིན། ཞིབ་བསྡུར་འཁྱོག་ཐིག་འདི་ལས་མངོན་པ་ལྟར་ན། 2019ལོ་ནས་བཟུང་། ཞིང་ཆུ་གཏོང་ཁུལ་གྱི་འབྲུ་རིགས་ཐོན་ཚད་རྒྱུན་མཐུད་ངང་བརྟན་ཐོག་ཡར་འཕེལ་བྱུང་ཡོད་པ་དང་། ཞིང་ཆུ་འདྲེན་ཚད་ལོ་རེ་བཞིན་མར་ཆག་ཡོད། ལྡོག་ཕྱོགས་ཀྱི་ཧེ་བག་འདིའི་རྒྱབ་ལོགས་ནི་ཞིང་ཆུ་གཏོང་ཁུལ་དུ་གནད་འཁེལ་ཆུ་འདྲེན“རིག་ལྡན་ཀླད་ཆེན”སྤྱད་པས་རེད། ལྟ་ཞིབ་ཚད་ལེན་ས་ཚིགས462ཀྱིས་དུས་ཚོད་24རིང་རྒྱུན་ཆད་མེད་པར་གཞི་གྲངས་འཚོལ་བསྡུ་བྱེད་ཀྱིན་ཡོད་ལ། ཆུ་སྡེབ་སྦྱོར་གྱི་ཇུས་གཞི་དེ་སླར་ཡང་གནམ་གཤིས་དང་ས་རྒྱུ་བརླན་ཚད་ཀྱི་གནས་ཚུལ་དང་མཉམ་འབྲེལ་གྱིས་ལེགས་སྒྲིག་བྱས་ཏེ། ཆུ་གནད་འཁེལ་ངང་འགག་སྒོ་ཚང་མར་བསྐྱལ་བ་རེད།

ཆུ་གྲོན་ཆུང་ནི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པ་ཙམ་མིན། ཆུའི་ཐོན་ཁུངས་ཀྱི་འགྱུར་མེད་འཆུན་འདོམས་ཀྱིས་རྨ་ཆུའི་འགྲམ་རྒྱུད་ཀྱི་ས་ཁུལ་ལ་ལྡོག་སྐུལ་བྱས་ནས་རིག་ལམ་བསྒྱུར་བ་དང་། འགྲན་ལམ་གསར་པ་བསྐྲུན་བཞིན་ཡོད། རྩིས་ནུས་ཐོན་ལས་གླེང་དུས། ཚང་མའི་བསམ་ཚུལ་དང་པོ་ནི་ཆུ་ཆུད་ཟོས་སུ་གཏོང་བ་དེ་ཡིན། འོན་ཀྱང་ཀན་སུའུ་ཆིན་དབྱང་གི་མྱ་ངམ་ཐང་དུ་རྩིས་ནུས་ལས་གཞི་གལ་ཆེན་ཁག་ཅིག་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་ཚུགས། ལོ་རེར་ཆ་སྙོམས་ཏུའུ9ཡི་རང་བྱུང་དྲོད་ཚད་དམའ་མོར་བརྟེན་ནས། ས་གནས་དེའི་རྩིས་ནུས་ཐོན་ལས་གླིང་ཁུལ་གྱི་ཞབས་ཞུའི་ཡོ་བྱད་ལ་ཡོངས་ཁྱབ་ཏུ་རང་བྱུང་རླུང་བརྟེན་འཁྱགས་བཟོའི་ལག་རྩལ་སྤྱད་དེ། ཕྱི་རོལ་གྱི་དྲོད་ཚད་དམའ་བས་མཁའ་དབུགས་འཁྱགས་པོར་བཟོས་ནས། འཁྱགས་བཟོའི་ཆུའི་སྤྱོད་སྒོ་ཇེ་ཉུང་དུ་གཏོང་བཞིན་ཡོད། ད་ལྟ་འདི་རུ་གྲངས་འཛིན་ཁེ་ལས700ལྷག་འཛོམས་ནས་ས་གནས་འདིའི་རླུང་འོད་ལྗང་གློག་དེ་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་སྤུས་ལེགས་རྩིས་ནུས་སུ་བསྒྱུར་བཞིན་ཡོད།

ཚད་ཡོད་པའི་རྨ་ཆུའི་ཆུ་ཡིས་ཕན་འབྲས་ཆེན་པོ་ཐོན་དགོས་ན། ད་རུང་“ཁྲོམ་རའི་རྩིས་”ཀྱང་ཡག་པོ་རྒྱག་དགོས། ཀྲུང་གོའི་ཆུ་དབང་ཉོ་ཚོང་སྟེགས་བུ་ནས། ང་ཚོས་ད་ལོའི་ཚུན་ལ་རྨ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར1ལྷག་འདི་གར་ཉོ་ཚོང་ལེགས་འགྲུབ་བྱུང་བ་མཐོང་ཐུབ།

རྨ་ཆུ་བེད་སྤྱོད་གང་ལེགས་བྱས་པ་དང་བསྟུན་ནས་འགྲམ་གཉིས་ཀྱི་མང་ཚོགས་ཀྱི་འཚོ་བ་ཡང་ཇེ་ལེགས་སུ་ཕྱིན་ཡོད། ཧི་ནན་ལའོ་དབྱང་ཞིན་ཨན་རྫོང་དུ། སྤྱི་ལེ160ལྷག་ཡོད་པའི་རྨ་ཆུའི་གནའ་གྲོང་དང་པོའི་ཡུལ་སྐོར་གཞུང་ལམ་དེས་ལམ་རྒྱུད་ཀྱི་སྡེ་བ་66སྦྲེལ་ཡོད་ལ། དེ་སྔའི་ལུང་ཁུག་གི་རི་གྲོང་ཆུང་ཆུང་དེ་ཡུལ་ལྗོངས་ལྟ་ན་སྡུག་པའི་རྨ་ཆུའི་འགྲམ་རྒྱུད་ཀྱི་མཛེས་ལྗོངས་ཁུལ་དུ་གྱུར་ནས། མང་ཚོགས་ཁྲི་ལྔ་ལྷག་གིས་སྐྱེ་ཁམས་ཡུལ་སྐོར་གྱི“གསེར་ཕོར”བཟུང་ཡོད།

ལེ་དབར་ཁྲི་ཡི་རྨ་ཆུའི་རྒྱུན་ལ་འགག་མེད་ཅིང་། བསྐལ་བརྒྱའི་ཇུས་གཞི་ཆེན་མོར་རྒྱུན་འཁྱོངས་ལྷོད་མེད་བྱ་དགོས། རྨ་ཆུ་ནི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་བདེ་སྐྱིད་ཀྱི་ཆུ་བོར་འགྱུར་དུ་འཇུག་དགོས་ལ། མི་དམངས་ཀྱིས་ཚོར་ཐུབ་པའི་བདེ་སྐྱིད་འཚོ་བའི་ལྗོངས་རྣམ་དུ་གྱུར་ནས་མ་ཡུམ་གཙང་པོའི་ངོགས་གཉིས་བརྒྱན་ཡོད། །


  • 顶