ཟླ9པའི་ཚེས20ཉིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིན་དུ་ཧིན་རྡུ་ཉི་ཞི་ཡའི་མི་དམངས་གྲོས་མོལ་ཚོགས་འདུའི་ཀྲུའུ་ཞི་མུའུ་ཀྲ་ཉི་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཟླ9པའི་ཚེས20ཉིན་པེ་ཅིན་དུ་ཧིན་རྡུ་ཉི་ཞི་ཡའི་མི་དམངས་གྲོས་མོལ་ཚོགས་འདུའི་ཀྲུའུ་ཞི་མུའུ་ཀྲ་ཉི་ལ་ཐུག་འཕྲད་གནང་བ་རེད།
ཀྲའོ་ལེ་ཅི་ཡིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ལ་པའོ་ཝོ་དབར་ས་ཁུལ་དང་གོ་ལ་ཧྲིལ་པོའི་ཤུགས་རྐྱེན་ལྡན་པའི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས། ཕྱོགས་གཉིས་ཀྱི་འབྲེལ་བའི་ལེའུ་གསར་པ་ཞིག་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་ལ་བརྩི་སྲུང་ཞུས་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་བྱ་གཞག་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཧིན་རྡུ་ཉི་ཞི་ཡ་པའི་མཐུན་ཚོགས་དང་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་དང་། སྤེལ་རེས་མཉམ་ལས་རྒྱ་ཆེར་གཏོང་བ། རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བཅས་བྱས་ནས། རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་དང་གོང་འཕེལ་ལ་སྔར་ལས་ལྷག་པར་ཞབས་ཞུ་བསྒྲུབ་འདོད་ཡོད།
མུའུ་ཀྲ་ཉི་ཡིས་བསྟན་དོན། ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་དབར་མཛའ་གྲོགས་ཟབ་མོ་ཡོད་པས། ངས་ད་ཐེངས་ཀྲུང་གོར་འཚམས་འདྲི་བྱས་པ་བརྒྱུད་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྒྲིག་གཞི་དང་མི་དམངས་དབར་གྱི་མཛའ་གྲོགས་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་བསླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཧིན་རྡུ་ཉི་ཞི་ཡ་པའི་མཐུན་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། །
འཕྲིན་སྟེགས། weikangba