ཐ་ཁེ་ལ་མ་ཀན་བྱེ་ཐང་དུ་གསར་རྙེད་བྱུང་བ།

2026-09-22
381

  ཉེ་ཆར་ཤིན་ཅང་ས་གཤིས་ཅུས་ཆུ་དཔྱད་ཁོར་ཡུག་ས་གཤིས་བརྟག་དཔྱད་ལྟེ་གནས་ཀྱིས་ཤིན་ཅང་ལྷོ་རྒྱུད་ཀྱི་བྱེ་ཐང་དུ་ཆུ་འཚོལ་རྣམ་གྲངས་ལག་བསྟར་བྱས་པར་ཉིན་ཤས་གོང་ཚད་བརྒལ་གསར་པ་བྱུང་ནས་ཐ་ཁེ་ལ་མ་ཀན་བྱེ་ཐང་གི་ལྷོ་མཚམས་ཀྱི་མིང་ཕུང་རྫོང་ཨན་ཏི་ཤང་དང་བྱེ་ཐང་དབུས་སུ་གནས་པའི་མ་ཀྲ་ཐ་ཀེ་རི་བོའི་ལྷོ་རྒྱུད་དུ་ས་འོག་ནས་ཆུ་ཆེ་གྲས་གཉིས་གསར་དུ་རྙེད་པས་“བྱེ་ཐང་གི་ས་འོག་ཏུ་ཆུ་རྙོག་དང་ཚྭ་ཆུ་ལས་མེད་པའི་”སྲོལ་རྒྱུན་གྱི་ངོས་འཛིན་ལས་བརྒལ་བ་རེད།

    རྣམ་གྲངས་ཚོགས་པས་ཐ་ཁེ་ལ་མ་ཀན་བྱེ་ཐང་འགོག་པའི་ལས་གྲྭའི་ཚྭ་ཆུ་བེད་སྤྱོད་ཚོད་ལྟའི་ས་ཚིགས་ཀྱང་བསྐྲུན་ནས་བྱེ་ཐང་གི་ཚྭ་ཆུ་བདེ་འཇགས་ངང་བེད་སྤྱོད་ཐུབ་པར་བྱས་ཏེ་བྱེ་འགོག་ལས་གྲྭར་ཆུ་ཁུངས་ཀྱི་འདེགས་སྐྱོར་གསར་པ་མཁོ་འདོན་བྱས་ཡོད།

    ཤིན་ཅང་ས་གཤིས་ཅུས་ཆུ་དཔྱད་ཁོར་ཡུག་ས་གཤིས་བརྟག་དཔྱད་ལྟེ་གནས་ཀྱི་ཤིན་ཅང་ལྷོ་རྒྱུད་བྱེ་ཐང་དུ་ཆུ་འཚོལ་རྣམ་གྲངས་ཀྱི་འགན་འཁུར་བ་ཁང་ཅན་གྱིས་ད་ཐེངས་ནི་མཁའ་དབྱིངས་སུ་འཁོར་སྐར་ལ་བརྟེན་ནས་གྲུབ་ཚུལ་ལ་ལྟ་བ་དང་། གནམ་གྲུའི་མཁའ་འགྲུལ་དངོས་པོའི་འཚོལ་ཞིབ་ངོས། ས་ངོས་སུ་སླར་ཡང་དངོས་པོ་འཚོལ་ཞིབ། གསོར་འབིགས་རྩད་ཞིབ་ར་སྤྲོད་བཅས་བྱས་མཐར་དེ་གའི་ས་འོག་གི་ཆུ་ནི་འཁོར་རྒྱུག་དང་གསར་དུ་བརྗེ་གིན་ཡོད་པ། ཚྭ་མེད་ཆུ་དང་། ཚྭ་ཆུ་སོགས་ཚང་མ་ཡོད་པ་རེད།

    རྣམ་གྲངས་ཚོགས་པས་རྩ་གསུམ་དཔེ་དབྱིབས་དང་ཆུ་དཔྱད་ས་གཤིས་ཀྱི་ཐ་སྙད་དཔེ་དབྱིབས་བཟོས་ནས་ཚྭ་དང་ཚྭ་མེད་ཆུ་ཁྱབ་ཚུལ་གྱི་དབྱེ་མཚམས་གནད་ལ་འཁེལ་བའི་སྒོ་ནས་ཕྱེ་བ་མ་ཟད། རྨང་གཞི་དེའི་ཐོག་རྒྱང་ཚོར་དང་། སའི་གོ་ལའི་དངོས་ལུགས། ཆུ་དཔྱད་ས་གཤིས་བརྟག་དཔྱད། སྣོད་བཅུད་ཁོར་ཡུག་སོགས་གྲངས་གཞི་མཉམ་འདྲེས་ཀྱི་ཞིབ་འཇུག་བྱ་ཐབས་བཏོད་དེ་“ཡོད་མེད་དང་། ག་ཚོད་ཡོད་པ། ཇི་ལྟར་སྤྱོད་དགོས་”བཅས་ཀྱི་མ་ལག་རང་བཞིན་གྱི་གནད་དོན་ལ་ལན་གནད་དུ་འཁེལ་བ་བཏབ་པ་རེད།

    ཤིན་ཅང་ས་གཤིས་ཅུས་ཆུ་དཔྱད་ཁོར་ཡུག་ས་གཤིས་བརྟག་དཔྱད་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་ལེ་ཡིས་རྣམ་གྲངས་དེའི་དོན་སྙིང་ནི་ཆུ་ག་ཚོད་རྙེད་པ་ཙམ་མ་ཡིན་པར། ང་ཚོས་ལན་འདེབས་དགོས་པ་ནི་ཆུའི་ཐོན་ཁུངས་རྒྱུན་མཐུད་ངང་བྱེ་ཐང་ཁུལ་གྱི་ཕུགས་ཀྱི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་ཐུབ་མིན་དང་། ཤིན་ཅང་ལྷོ་རྒྱུད་ཀྱི་ཆུའི་བདེ་འཇགས་རྣམ་པ་བསྐྱར་དུ་སྐྲུན་རྒྱུར་ས་གཤིས་ཀྱི་ཇུས་གཞི་མཁོ་འདོན་བྱ་རྒྱུ་དེ་རེད་ཅེས་ཟེར།


  • 顶