ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ9པའི་ཚེས12ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ཏེ་རྡི་ལི་གསར་པར་འབྱོར་ནས། རྒྱ་གར་གྱི་ཙུང་ལི་མོ་ཏི་ཡི་གདན་ཞུས་ལྟར། གསེར་ལྡན་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཇལ་འཕྲད་ཐེངས་བཅོ་བརྒྱད་པར་ཞུགས།
ཞི་ཅིན་ཕིང་རྡི་ལི་གསར་པའི་ཕ་ལ་མུའུ་མཁའ་དམག་རྟེན་གཞིར་འབྱོར་སྐབས། རྒྱ་གར་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ཕེབས་བསུ་ཞུས་ལ། གུས་དམག་གིས་ས་གདན་དམར་པོའི་གཞོགས་གཉིས་སུ་གུས་འདུད་ཞུས།
ཚའེ་ཆི་དང་ཝང་དབྱི་སོགས་ཀྱིས་ཕེབས་རོགས་བྱས།
རྒྱ་གར་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཞུས་ཧྥེ་ཧུང་ཡང་གནམ་གྲུ་ཐང་དུ་ཕེབས་བསུ་ཞུ་བར་འབྱོར་ཡོད།
ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་གནམ་གྲུ་ཐང་ནས་མགྲོན་ཁང་དུ་ཕེབས་པའི་ལམ་བར་དུ། ས་གནས་དེའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱི་འཐུས་མི་བཅས་ཀྱིས་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་ནས། ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས། །
འཕྲིན་སྟེགས། weikangba