ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “རིག་གནས་ཀྱི་གཙོ་གཞི་རང་བཞིན་སྲ་བརྟན་དུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ”བརྗོད་དོན་གཙོ་བོར་བྱས་པའི་སྐབས་གཉིས་པའི་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཚེས6ཉིན་ཀོང་ཏུང་ཧྲེན་ཀྲེན་དུ་འཚོགས་ཤིང་། རྒྱལ་ནང་གི་འབྲེལ་ཡོད་ཞིབ་འཇུག་ལས་ཁུངས་དང་མཐོ་སློབ། དེ་བཞིན་ཕྱི་རྒྱལ་གྱི་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་ཀྲུང་ཧྭའི་དཔལ་ཡོན་ཞིབ་འཇུག་གི་ཆེད་མཁས་པ་དང་མཁས་དབང་། སྐུ་མགྲོན་བཅས་མི130ཙམ་ཚོགས་འདུར་ཞུགས་ཡོད།
འདི་ནི་ཟླ9པའི་ཚེས6ཉིན་པར་བླངས་པའི་སྐབས་གཉིས་པའི་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཡུལ་དངོས་རེད།
ཀྲུང་དབྱང་དྲིལ་སྒྲོག་པུའི་པུའུ་ཀྲང་གཞོན་པ་ཧུང་ཏ་ཡུང་གིས་བགྲོ་གླེང་ཚོགས་འདུའི་མགོ་ཚུགས་མཛད་སྒོའི་ཤིས་ཚིག་ནང་བསྟན་དོན། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ནི་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གིས་རིག་གནས་འཛུགས་སྐྱོང་ལ་མགོ་ཁྲིད་བྱས་པའི་ལག་ལེན་ཉམས་མྱོང་གི་རིགས་པའི་གཞུང་ལུགས་ཀྱི་ཕྱོགས་སྡོམ་ཞིག་དང་། “ཟུང་འབྲེལ་གཉིས”མཐའ་འཁྱོངས་དང་མར་ཁེ་སི་རིང་ལུགས་ཀྱི་རིག་གནས་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པས། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་དྲིལ་སྒྲོག་བསམ་བློ་རིག་གནས་ལས་དོན་ཡག་པོ་སྒྲུབ་པ་དང་། རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་བ། རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་བཅས་ལ་བསམ་བློའི་མཚོན་ཆ་དང་ཚན་རིག་འགུལ་སྐྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད། རིག་གནས་ཀྱི་གཙོ་གཞི་རང་བཞིན་སྲ་བརྟན་དུ་གཏོང་རྒྱུ་ནི་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ནང་དོན་གལ་ཆེན་ཞིག་ཡིན་ཞིང་། རིག་གནས་རྒྱུན་འཛིན་དང་དཔལ་ཡོན་འཕེལ་རྒྱས་གཏོང་བའི་ཆོས་ཉིད་གཏིང་ཟབ་གསལ་སྟོན་བྱས་པ་དང་། དེང་རབས་ཅན་གྱི་རླབས་རྒྱུན་ཁྲོད་དུ་མི་རིགས་དེ་གའི་ལོ་རྒྱུས་རིག་གནས་ལ་ལྟ་སྟངས་ཡང་དག་པ་ཇི་ལྟར་འཛིན་རྒྱུ་དང་། རྒྱལ་སྤྱིའི་རིག་གནས་སྤེལ་རེས་དང་མཉམ་ལས་ཇི་ལྟར་བྱ་རྒྱུའི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་ལན་བཏབ་ཡོད། ཀྲུང་གོས་རིག་གནས་ཀྱི་གཙོ་གཞི་རང་བཞིན་གྱི་ལག་ལེན་སྲ་བརྟན་དུ་བཏང་ནས། འཛམ་གླིང་རྒྱལ་ཁབ་ཁག་གིས་རང་ངོས་ཀྱི་རིག་གནས་ཁྱད་ཆོས་དང་ཐོབ་ཐང་ཉར་ཚགས་བྱེད་པ་དང་། རང་ངོས་དང་འཚམ་པའི་དཔལ་ཡོན་གྱི་འཕེལ་རྒྱས་བགྲོད་ལམ་འཚོལ་ཆེད་བློ་གྲོས་ལེགས་སྐྱེས་སུ་ཕུལ་ཡོད། རིག་གནས་ཀྱི་གཙོ་གཟུགས་རང་བཞིན་སྲ་བརྟན་དུ་གཏོང་དགོས་ན། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་གོ་བ་ཞིབ་ཚགས་ལེན་དགོས་པ་དང་། “ཟུང་འབྲེལ་གཉིས”ལ་བརྟེན་ནས་རིག་གནས་གསར་གཏོད་དང་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ཞིབ་འཇུག་དང་རྒྱུན་འཛིན་ལ་ཤུགས་སྣོན་རྒྱག་པའི་རྨང་གཞིའི་ཐོག་དཔལ་ཡོན་སྤེལ་རེས་དང་ཕན་ཚུན་དཔྱད་གཞི་འཛིན་པ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་དགོས།

འདི་ནི་ཟླ9པའི་ཚེས6ཉིན་པར་བླངས་པའི་སྐབས་གཉིས་པའི་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཡུལ་དངོས་རེད།
སྐབས་འདིའི་བགྲོ་གླེང་ཚོགས་འདུ་ནི་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཞིབ་འཇུག་ལྟེ་གནས་ཀྱིས་མཛུབ་ཁྲིད་བྱས་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཞིབ་འཇུག་ལྟེ་གནས་ཞིན་ཧྭ་གསར་འགྱུར་ཁང་གི་མཐུན་སྦྱོར་ཞིབ་འཇུག་རྟེན་གཞི་དང་། ཀོང་ཏུང་ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ། ཧྭ་ནན་དགེ་འོས་སློབ་ཆེན་བཅས་ཀྱིས་གཙོ་གཉེར་བྱས་པ་རེད། ཚོགས་འདུའི་རིང《མང་ཚོགས་ཀྱི་རིག་རྩལ་གསར་པའི་དར་རྒྱས་གོང་འཕེལ་དང་འཛམ་གླིང་གི་ཤུགས་རྐྱེན》ཞེས་པའི་རིག་མཛོད་སྙན་ཞུ་ཁྱབ་བསྒྲགས་བྱས་པ་དང་འབྲེལ“དུས་རབས་གསར་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་དཔལ་འབྱོར་རིག་པ”དང་། “དྲ་སྦྲེལ་ཆ་རྐྱེན་འོག་གི་མང་ཚོགས་ཀྱི་རིག་རྩལ་གསར་པ་དར་རྒྱས་གོང་འཕེལ་གཏོང་བ”། “དཔལ་ཡོན་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་གཏིང་ཟབ་གཏོང་བ”། “མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རང་བདག་ཤེས་བྱའི་མ་ལག་འཛུགས་པ”བཅས་ཀྱི་ཡན་ལག་གླེང་སྟེགས་བཞི་བཙུགས་ཡོད། །
འཕྲིན་སྟེགས། weikangba