《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པའི་ཧ་སག་སི་ཐན་གྱི་འོས་སྦྱོར་ཚོགས་འདུ་ཨ་སི་ཐ་ན་རུ་བསྡུས་པ།

2026-07-21
311

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པའི་ཧ་སག་སི་ཐན་གྱི་འོས་སྦྱོར་ཚོགས་འདུ་ཚེས15ཉིན་ཧ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐ་ན་རུ་བསྡུས།

ཚོགས་ཞུགས་སྐུ་མགྲོན་གྱིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པ་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་འབྲས་གསར་ཤོས་ཕྱོགས་ཡོངས་ནས་བརྒྱུད་རིམ་ལྡན་པའི་ངང་མངོན་ཡོད་ཅིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཤེས་རྟོགས་དང་དེང་རབས་ཀྱི་ཀྲུང་གོ་ཤེས་རྟོགས་ཐུབ་པར་རོགས་རམ་བྱེད་པར་དབང་གྲགས་ལྡན་པའི་ཀློག་དེབ་མཁོ་འདོན་བྱས་ཡོད།  ཀྲུང་གོ་དང་ཧ་སག་སི་ཐན་གཉིས་ནི་དེང་རབས་ཅན་གྱི་བགྲོད་ལམ་སྟེང་གི་ལམ་རོགས་ཡིན་ལ།  རྒྱལ་ཁབ་གཉིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་ལ་དམིགས་ནས་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱས་པ་དེས།  ཀྲུང་གོ་དང་ཧ་སག་སི་ཐན་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་པར་དོན་སྙིང་གལ་ཆེན་ལྡན།

ཧ་སག་སི་ཐན་གྱི་སྲིད་འཛིན་ཀྲུང་དབྱང་འཕྲིན་གཏོང་ཅུས་ཀྱི་མགོ་འཛིན་ཨ་སི་ཁར་ཨུ་མ་ལོ་ཧྥུས་ཤིས་ཚིག་ཁྲོད་བསྟན་དོན། འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་རིང་། ཀྲུང་གོའི་དཔལ་འབྱོར་དང་། ཚན་རྩལ། རིག་གནས། ཁྲིམས་སྐྱོང་། ཕྱི་འབྲེལ་སོགས་ཁྱབ་ཁོངས་སོ་སོ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་འོས་པའི་གྲུབ་འབྲས་རླབས་ཆེན་ཐོབ་ཡོད་པ་དེ་དག་གི་ཉམས་མྱོང་ལ་ཧ་སག་སི་ཐན་གྱིས་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་རྒྱ་ཁྱབ་ངང་དཔྱད་གཞིར་འཛིན་བཞིན་ཡོད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་ལྔ་པས་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཁ་ཕྱོགས་གལ་ཆེན་མཚོན་ཡོད་པས། ང་ཚོས་ཀྲུང་གོའི་འཕེལ་རྒྱས་ཀྱི་གཏན་ཚིགས་དང་ཡུན་རིང་དམིགས་ཚད་རྒྱུས་ལོན་ཇི་ཙམ་ཟབ་མོ་བྱུང་ཚེ། ཧ་སག་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་གྱི་སྤེལ་རེས་མཉམ་ལས་དེ་ཙམ་གྱིས་ཕན་འབྲས་ཆེ་བ་ཡོང་ངེས་རེད།

ཧ་སག་སི་ཐན་གྱི་སྲིད་འཛིན་ཕོ་བྲང་ནང་གི་སྲིད་དོན་ཅུས་ཀྲང་ཡེ་ཨར་ནུའུ་ཨེར•པེ་སེན་པ་ཡེ་ཧྥུའུ་ཡིས་བསྟན་དོན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་ལྔ་པ་ངོ་སྤྲོད་ཚོགས་འདུ་ནི་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱི་ཤེས་རིག་སྤེལ་རེས་ཕན་ཚུན་དཔྱད་གཞིར་འཛིན་པའི་རྡོ་རིང་གསར་པ་ཞིག་ཡིན། ཧ་སག་སི་ཐན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་བཅོས་སྒྱུར་རབ་དང་རིམ་པ་བྱེད་བཞིན་ཡོད་པ་དང་། རང་ཡུལ་གྱི་གནས་ཚུལ་ལ་གཞིགས་ནས་དེང་རབས་ཅན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བཞིན་ཡོད། རྒྱལ་ཁབ་གཉིས་ཀ་དེང་རབས་ཅན་དུ་སྐྱོད་པའི་བརྒྱུད་རིམ་ཁྲོད་འདྲ་ས་མང་པོ་ཡོད་པས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་འདིའི་ནང་དོན་དོ་དམ་མཚན་ཉིད་རིག་པ་དང་འཕེལ་རྒྱས་ཐབས་ཇུས་དེ་ཧ་སག་སི་ཐན་ལ་མཚོན་ན་རིན་ཐང་ཆེན་པོ་ལྡན།

བྱེད་སྒོའི་ནང་། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་གྱི་སྐུ་མགྲོན་ལ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པོད་བཞི་པའི་ཧ་སག་སྐད་ཀྱི་པར་གཞི་དང་པོད་ལྔ་པའི་ཨུ་རུ་སུའི་སྐད་ཀྱི་དཔེ་དེབ་ཕུལ་ཡོད། ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱི་རིག་མཛོད་དང་ཁེ་ལས། མཐོ་སློབ་བཅས་ཀྱི་འཐུས་མིས་དོན་དངོས་མཉམ་ལས་བརྒྱུད་ས་གནས་དེ་གའི་མང་ཚོགས་ལ་ཕན་ཐོགས་པའི་གཏམ་རྒྱུད་གསོན་པོ་མཉམ་སྤྱོད་བྱས་ཡོད། ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས་ཀྲུང་གོ་དང་ཧ་སག་སི་ཐན་བར་གྱི་ལས་དབང་གཅིག་མཐུན་ཚོགས་པ་དང"རྒྱུད་གཅིག་ལམ་གཅིག"མཉམ་དུ་སྐྲུན་པ་སོགས་ཀྱི་བརྗོད་གཞིར་དམིགས་ནས་སྤེལ་རེས་བགྲོ་གླེང་བྱས། 

བྱེད་སྒོ་འདི་ནི་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་། ཀྲུང་གོའི་ཕྱི་ཡིག་ཅུས། དེ་བཞིན་ཧ་སག་སི་ཐན་དུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལྷན་ཁང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན། ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱི་སྐུ་མགྲོན་དང་དཔེ་སྐྲུན་ལས་རིགས་པ། སྨྱན་སྦྱོར་མི་སྣ། རིག་མཛོད་མཁས་ཅན། སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། ཁེ་ལས་པ་སོགས་སྤྱི་ཚོགས་ལས་རིགས་སོ་སོའི་འཐུས་མི200ལྷག་མཛད་སྒོར་ཞུགས་ཡོད། །


  • 顶