《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད》ཅེས་པ་སྤེལ་བ།

2026-07-21
389

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས16ཉིན་པར་ཏུ་སྐྲུན་པའི་འདོན་ཐེངས14པའི《བདེན་འཚོལ》དུས་དེབ་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད》ཅེས་པ་སྤེལ།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ལོ་ངོ105རིང་། ང་ཚོའི་ཏང་གིས་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་འབད་འཐབ་ལྷོད་མེད་ཀྱིས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་གྲུབ་འབྲས་རླབས་པོ་ཆེ་བསྐྲུན་ཡོད། ལོ་ངོ105རིང་ལ་འབད་འཐབ་ལྷོད་མེད་བྱས་པས། ཀྲུང་གོའི་མི་དམངས་ཀྱི་མདུན་ལམ་དང་ལས་དབང་རྩ་བའི་ཆ་ནས་འགྱུར་ལྡོག་བཏང་ཡོད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་བགྲོད་ལམ་ཡང་དག་བཏོད་ནས། མར་ཁེ་སིའི་རིང་ལུགས་ཀྱི་སྐྱེ་སྟོབས་ཆེན་པོ་མངོན་པར་བྱས་ཏེ། འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་ལ་ཤུགས་རྐྱེན་ཐེབས་ཤིང་ཀྲུང་གོ་གུང་ཁྲན་ཏང་སྟོབས་དང་ལྡན་པ་ཞིག་ཏུ་གྱུར་ཡོད།

རྩོམ་ཡིག་ལས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ105ཡི་རིང་ལ་འབད་འཐབ་བྱས་ནས་འདུན་ལམ་འོད་སྟོང་ལྡན་པར་བཏང་ཡོད་པ་དང་། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་དོན་གྱི་རྩ་བ་ནི་རང་རེའི་ཏང་ལ་སྲིད་ཏང་དང་ཆབ་སྲིད་ཀྱི་སྟོབས་ཤུགས་གཞན་དང་བསྡུར་ཐབས་མེད་པའི་ཕུལ་བྱུང་གི་ཁྱད་ཆོས་འདི་དག་ཡོད་དེ། བདེན་པ་དོན་དུ་གཉེར་ནས་ཐོག་མཐའ་བར་གསུམ་དུ་མདུན་སྐྱོད་ཀྱི་ཁ་ཕྱོགས་ཡང་དག་འཛིན་པ་དང་། མི་དམངས་ཀྱི་ཁྲོད་དུ་རྩ་བ་བརྟན་པོ་ཚུགས་ཤིང་ཐོག་མཐའ་བར་གསུམ་དུ་རྨང་གཞི་བརྟན་པོ་ཡོད་པ། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཕོད་པ་མ་ཟད་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་རང་དབང་རྟག་ཏུ་འཛིན་པ། འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་ནས་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པ། འཐབ་རྩོད་བྱེད་མཁས་པ་བྱེད་ཕོད་པ་དང་ཐོག་མཐའ་བར་གསུམ་དུ་རྒྱལ་ཁ་ཐོབ་པའི་ཡིད་ཆེས་རྒྱུན་འཁྱོངས་བྱེད་པ། རང་ཉིད་ཟུངས་བཟང་ཡོང་བར་དོ་སྣང་བྱས་ཏེ་ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་ཡོད། དོན་དངོས་གསར་པ་དང་ཟུང་འབྲེལ་བྱས་ཏེ། ཏང་གི་ཕུལ་བྱུང་ཁྱད་ཆོས་དེ་ཟམ་མི་ཆད་པར་དར་རྒྱས་གོང་འཕེལ་བཏང་ནས་ཏང་ནམ་ཡང་ངོ་བོ་མི་འགྱུར་བ་དང་། མདོག་མི་འགྱུར་བ། བྲོ་བ་མ་མི་འགྱུར་བར་ཐོག་མཐའ་བར་གསུམ་དུ་གསར་སྐྲུན་ནུས་པ་དང་གོང་བུར་སྒྲིལ་ཤུགས། འཐབ་འཛིང་ནུས་པ་བཅས་ཆེན་པོ་ལྡན་པར་བྱ་དགོས།

རྩོམ་ཡིག་ལས་དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་བྱ་ཆེད། ཀྲུང་གོ་གུང་ཁྲན་ཏང་མི་ཡོངས་ཀྱིས་ཡིད་ཆེས་བརྟན་པོ་དང་རྒྱུན་མཐུད་འབད་འཐབ་བྱས་ཏེ་དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་གཏོད་དགོས་པའི་བླང་བྱ་བཏོན་ཡོད། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་ངེས་པར་དུ་མཐའ་འཁྱོངས་བྱ་དགོས་པ་དང་། ངེས་པར་དུ་མི་དམངས་ལ་དམ་པོར་བརྟེན་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་སྐྲུན་བྱ་དགོས་པ་དང་། ངེས་པར་དུ་མདུན་སྐྱོད་ལམ་བུའི་སྟེང་གི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ཧུར་ཐག་འཇལ་དགོས་ལ། ངེས་པར་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་གཏོད་པར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་པ་མ་ཟད། ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་སྒོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་དགོས། །


  • 顶