ལག་རྩལ་དང་གསར་གཏོད་མངོན་པའི་ཚོགས་ཆེན་གལ་ཆེན།

2026-07-21
300

ཧྲང་ཧའེ་རུ་གཉེར་བཞིན་པའི་2026ལོའི་འཛམ་གླིང་མི་ཐབས་རིག་ནུས་ཀྱི་ཚོགས་ཆེན་ཐོགབྱ་ཐབས་གལ་ཆེན་དང་གསར་གཏོད་གྲུབ་འབྲས་མང་པོ་ཞིག་འགྲེམས་སྟོན་བྱས་ཡོད། དེ་དང་ཆབས་ཅིག་རྩེར་སོན་ལག་རྩལ་ཁག་གཅིག་གཅིག་སྡུད་ཐོག་བཀྲམ་ནས་རང་རྒྱལ་གྱི་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་འགག་གཏོར་གསར་ཤོས་མངོན་པར་བྱས་ཡོད།

   ཚོགས་ཆེན་ཐོག་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་སོགས་སྡེ་ཁག་དང་མཉམ་འབྲེལ་ཐོག་གྲུབ་འབྲས་ཁག་གཉིས་བཀྲམ་པ་སྟེ། མི་ཐབས་རིག་ནུས་མཉམ་ལས་གོང་འཕེལ་གྱི་བྱ་སྤྱོད་འཆར་གཞི་ཞེས་པའི་ནང་། སྤུས་ལེགས་གྲངས་གཞི་མཁོ་འདོན་དང་། རིག་ནུས་རྩིས་རྒྱག་ཀུན་ཕན། མི་ཐབས་རིག་ནུས་ལེགས་སྤྱོད་སོགས་བྱ་སྤྱོད་ཁག་བརྒྱད་བཏོན་ཡོད། གཞན་ཡང་། 2026ལོའི་ཀྲུང་གོའི་བློ་རིག་གིས་འཛམ་གླིང་ཀུན་ལ་ཕན་ཞེས་པའི་ནང་། རང་རྒྱལ་གྱིས་མི་ཐབས་རིག་ནུས་ཁྱབ་ཁོངས་ནང་རྒྱལ་སྤྱིའི་མཉམ་ལས་ཀྱི་གསོན་ཉམས་དོད་པའི་གཏམ་རྒྱུད་ཁག་10བསྡུ་རུབ་བྱས་ཡོད།  

   ཕྱི་རྒྱལ་གྱི་ལྟད་མོ་བས།ཀྲུང་གོས་རིག་ནུས་གོང་འཕེལ་མགྱོགས་པོ་གཏོང་བཞིན་ཡོད། མ་ཟད། གཞི་ཁྱོན་ཆེན་པོས་ཐོན་སྐྱེད་བྱེད་བཞིན་ཡོད་ཅེས་བཤད།  

   མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་མི་ཐབས་རིག་ནུས་དང་གྲངས་གཞིའི་ཚན་རིག་གིས་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་མཁན་དགེ་རྒན་ཆེན་མོ་བ་ལན་ཕུ་ལུའོ་སི་སི་ཐེ་ཅི་ཨུ་ལ་སིས།མི་ཐབས་རིག་ནུས་དེ་རམས་འདེགས་པ་གལ་ཆེན་ཞིག་ཏུ་འགྱུར་ཐུབ།  འོན་ཀྱང་། མིའི་རིགས་ཀྱིས་ངེས་པར་དུ་གཙོ་ཁྲིད་དབང་ཆ་བཟུང་དགོས། ཀྲུང་གོས་མིག་སྔར་དོ་ནན་པོས་མི་ཐབས་རིག་ནུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་རྣམ་འགྱུར་ལ་ང་རང་མོས་པོ་བྱུང་། གང་མགྱོགས་གོ་ལ་ཧྲིལ་པོས་མཉམ་འབྲེལ་ཐོག་འབྱུང་ཁམས་བཅོས་སྐྱོང་བྱ་རྒྱུ་དེ་གལ་ཆེན་པོ་རེད་ཅེས་གསུངས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།


  • 顶