ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲུབ་འགོག་གནོད་སྐྱོབ་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཉེ་ལམ། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་ཚབ་བྱས་ནས་ཏང་དངུལ་ཁྲོད་ནས་ཆེད་སྤྱོད་མ་དངུལ་སྒོར་ཁྲི6000གཏོང་སྤྲོད་བྱས་ཏེ། ཀོང་ཞི་དང་ཀན་སུའུ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས5ཡི་འབྲུབ་འགོག་གནོད་སྐྱོབ་བྱ་བར་རྒྱབ་སྐྱོར་བྱས།
ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ས་གནས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དམག་འཐབ་མཁར་རྫོང་དང་སྔོན་ཐོན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ཨང་དང་པོར་བཞག་ནས། བྱེད་ཐབས་ནུས་ལྡན་སྤྱད་དེ་འབྲུབ་འགོག་གནོད་སྐྱོབ་ལས་དོན་སོ་སོ་ཡག་པོར་སྒྲུབ་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱེད་དགོས། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ནན་གྱིས་བསྟན་དོན། ཏང་གི་གྲོན་དངུལ་དེ་དུས་ཐོག་ཏུ་གཞི་རིམ་ལ་སྤྲོད་དགོས་པ་དང་། འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་དོན་དངོས་གཞིར་བཟུང་ནས་རང་རིམ་པའི་དོ་དམ་བྱེད་པའི་ཏང་གི་གྲོན་དངུལ་ཁྲོད་ནས་ལེ་ལག་ཚང་བའི་མ་དངུལ་དོན་འཁྱོལ་བྱས་ཏེ་འབྲུབ་འགོག་གནོད་སྐྱོབ་ལས་དོན་ཐད་བཀོལ་སྤྱོད་བྱེད་དགོས། །
འཕྲིན་སྟེགས། weikangba