ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོ་ནས་བཟུང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རྒྱབ་སྐྱོར་ཁྱབ་ཁོངས་ལེགས་སྒྱུར་དང་། སྙན་ཞུའི་གོ་རིམ་འཐུས་ཚང་དུ་གཏོང་བ། ཞིབ་བཤེར་ཆོག་མཆན་སྤྲོད་པར་ཤུགས་སྣོན་པ། བྱ་བའི་འགྲོས་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། དུས་ཡུན་རིང་པོའི་དམིགས་བསལ་རྒྱལ་བུན་གྱི་མ་དངུལ་སྒྲིག་ཆས་གསར་བརྗེར་རྒྱབ་སྐྱོར་བྱེད་པར་ཁག་བགོས་ནས་གཤམ་སྤྲོད་བྱས་ཡོད། ལོ་ཧྲིལ་པོར་སྒྲིག་ཆས་གསར་བརྗེ་བྱེད་པའི་མ་དངུལ་སྒོར་དུང་ཕྱུར2000 རྩིས་སྤྲོད་བྱས་ཟིན་པ་དང་། བསྡོམས་པས་ཁྱབ་ཁོངས22ཀྱི་རྣམ་གྲངས11000ཙམ་ལ་རྒྱབ་སྐྱོར་བྱས་ཡོད།
ད་ལོའི་སྒྲིག་ཆས་གསར་བརྗེ་ལས་གཞིའི་སྐོར་གསུམ་པའི་མིང་ཐོ་དང་མ་དངུལ་གཏོང་སྟངས་ཀྱིས་ནུས་ཁུངས་གློག་ཤུགས་དང་། དངོས་ཟོག་སྐྱེལ་འདྲེན། སློབ་གསོ། རྒན་གསོ་ལས་ཁུངས། ཡུལ་དངོས་འཛད་སྤྱོད་ཚོང་ལས་སྒྲིག་ཆས། རྙིང་ཧྲུལ་སྐྱེལ་འདྲེན་རླངས་འཁོར། སྡོད་ཁང་རྙིང་བའི་གློག་སྐས་སོགས་ཁྱབ་ཁོངས་ཀྱི་སྒྲིག་ཆས་གསར་བརྗེ་དང་། གཞིས་ཁུལ་རྙིང་བར་གློག་སྐས་སྣོན་འཛུགས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་རེད། སྒྲིག་ཆས་གསར་བརྗེ་མ་དངུལ་ལས་ཐོན་ལས་རིམ་སྤར་ལ་སྐུལ་འདེད་དང་། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོ་ལེགས་བཅོས་ལ་སྐུལ་འདེད། བདེ་འཇགས་འགན་སྲུང་ལ་ཤུགས་སྣོན་བཅས་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། ད་ལོའི་ཟླ1པོ་ནས་ཟླ5པའི་བར། སྒྲིག་ཆས་དང་ཡོ་བྱད་ཉོ་སྒྲུབ་དངུ་གཏོང་འཕར་ཚད9.3%ཟིན་པ་དང་། དངུལ་གཏོང་ཡོངས་ཀྱི་བསྡུར་ཚད17.5%ཟིན་པ་དེ་ལོ་སྔོན་མའི་དུས་མཉམ་དང་བསྡུར་ན2.2%འཕར་ཡོད།
རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཕྱོགས་སོ་སོས་རྣམ་གྲངས་འཛུགས་སྐྲུན་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བར་ལྟ་སྐུལ་མཛུབ་སྟོན་དང་སྐུལ་འདེད་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བྱས་ནས། དངོས་ཡོད་ལས་འབོར་སྔར་ལས་མང་པོ་གྲུབ་པར་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་གི་མ་དངུལ་བེད་སྤྱོད་ཕན་འབྲས་འདོན་སྤེལ་གང་ལེགས་བྱས། །
འཕྲིན་སྟེགས། weikangba